ལོ་ལྔ་ཚན་བཅུ་གསུམ་སྐབས་སུ་མཚོ་སྔོན་གྱིས་སློབ་གསོ་འཕེལ་རྒྱས་བྱ་གཞག་ཐད་སྒོར་དུང་ཕྱུར779བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་ནས་རྒྱུས་ལོན་པ་ལྟར་ན། ལོ་ལྔ་ཚན་བཅུ་གསུམ་སྐབས་སུ་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱིས་ཐོག་མཐའ་བར་གསུམ་དུ་སློབ་གསོའི་བྱ་གཞག་སོ་སོའི་མཐུན་སྦྱོར་འཕེལ་རྒྱས་ལ་ཤུགས་སྣོན་པ་རྒྱུན་འཁྱོངས་བྱས་ཤིང་། མུ་མཐུད་ནས་མ་དངུལ་གཏོང་བའི་སྒྲིག་གཞི་ཇེ་ལེགས་སུ་བཏང་སྟེ་མ་དངུལ་འབོར་ཆེན་བཏང་། ལོ་ལྔའི་རིང་ལ་ཞིང་ཆེན་ཡོངས་ཀྱིས་སློབ་གསོའི་འཕེལ་རྒྱས་བྱ་གཞག་ཐད་མ་དངུལ་སྒོར་དུང་ཕྱུར779བཏང་།   

ལོ་ལྔ་ཚན་བཅུ་གསུམ་སྐབས་སུ་མཚོ་སྔོན་གྱིས་མཁར་གྲོང་གི་འོས་འགན་སློབ་གསོའི་མ་དངུལ་འགན་སྲུང་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། སློབ་སྔོན་སློབ་གསོ་དང་མཐོ་རིམ་སློབ་གསོ་བར་གྱི་སློབ་མའི་རོགས་སྐྱོར་སྲིད་ཇུས་ལག་བསྟར་བྱས་པ་དང་། ལོ་རེར་སློབ་མ་ཁྲི90ལྷག་ལ་ཕན་ཁེ་བསྐྲུན་པ་མ་ཟད།  སློབ་སྔོན་སློབ་གསོའི་སློབ་སྐབས་གཉིས་ཀྱི་ལོ་གསུམ་གྱི་བྱ་སྤྱོད་འཆར་འགོད་ལ་རོགས་འདེགས་དང་། འོས་འགན་སློབ་གསོའི་མི་འདང་ས་དང་ནུས་པ་ཐོན་མེད་ས་ལེགས་བསྒྱུར་དང་ནུས་ཤུགས་མཐོར་འདེགས་བཟོ་འགོད་ལག་བསྟར་བྱས་ཏེ། མཐོ་རིམ་དཀྱུས་མའི་སློབ་གྲྭའི་མཁྲེགས་གཏོར་བྱ་བར་སྐུལ་སྤེལ་བྱས་ལ། སློབ་གསོའི་རྨང་གཞིའི་སྒྲིག་ཆས་མུ་མཐུད་དུ་འཐུས་ཚང་དུ་བཏང་བ་བརྒྱུད། མི་དམངས་མང་ཚོགས་ཀྱི་སློབ་གསོའི་ཡིད་ཚིམ་ཚད་དང་ཐོབ་སྣང་ཆེས་ཆེར་ཕྱིན་ཡོད།   

ལོ་ལྔའི་རིང་།  མཚོ་སྔོན་གྱི་ལས་རིགས་དང་མཐོ་རིམ་སློབ་གསོ་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་ཞིང་།  ཟི་ལིང་དང་མཚོ་ཤར། མཚོ་ནུབ་བཅས་ཀྱིས་ཕྱོགས་བསྡུས་རང་བཞིན་གྱི་མཐོ་རིམ་ལས་རེིགས་སློབ་གྲྭ་གསུམ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ཏེ།  བོད་རིགས་ས་ཁུལ་གྱི་ཁུལ་དང་རྫོང་རིམ་པ་རུ་ཁུལ་གཅིག་ནས་སློབ་གྲྭ་གཅིག་འཛུགས་སྐྲུན་བྱེད་པ་དང་ཞིང་ཆེན་རིམ་པའི་དཔེ་སྟོན་སློབ་གྲྭ། ཁྱད་ལྡན་ཆེད་ལས་གསར་སྐྲུན་བྱེད་པ་སོགས་མཐོ་རིམ་སློབ་གྲྭའི་ཕྱོགས་བསྡུས་སྟོབས་ཤུགས་མུ་མཐུད་དུ་མཐོར་འདེགས་སུ་སོང་།  དུས་མཚུངས་སུ་མཚོ་སྔོན་གྱིས་སློབ་གསོའི་དཔུང་སྡེ་འཛུགས་སྐྲུན་ནི་སློབ་ཁྲིད་ཀྱི་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་སློབ་གསོའི་སྤུས་ཚད་མཐོར་འདེགས་སུ་གཏོང་བའི་རྨང་གཞིའི་བྱ་བར་བརྩིས་ནས། རྒྱལ་ཁབ་ཀྱི་གསོ་སྐྱོང་དང་ཞིང་ཆེན་གྱི་གསོ་སྐྱོང་ལག་བསྟར་བྱས་ཏེ། བོད་རྒྱ་སྐད་གཉིས་ཀྱི་དགེ་འོས་སློབ་མ་རིན་མེད་ངང་གསོ་སྐྱོང་བྱེད་པའི་ལམ་ལུགས་བཙུགས། དམིགས་བསལ་ལས་གནས་ཀྱི་དགེ་རྒན་བསྡུ་བའི་འཆར་འགོད་ལག་བསྟར་བྱས་ཏེ། ཞིང་སྡེེའི་དགེ་རྒན་གྱི་འཚོ་བའི་ཁ་གསབ་རོགས་སྐྱོར་ལམ་ལུགས་ལག་བསྟར་དང་།  མཐོ་རིམ་མཐར་ཕྱིན་སློབ་མ་གཞི་རིམ་དུ་སློབ་གསོའི་བྱ་བ་གཉེར་བར་འཛུབ་ཁྲིད་དང་སྐུལ་སློང་བྱེད་པ་བཅས་ཀྱིས་སློབ་གསོའི་སྤུས་ཚད་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེེད་བཏང་།   །  

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།