མཚོ་སྔོན་ཉེན་རྟོག་ཕྱོགས་ཀྱིས་ནགས་ཚལ་དང་རི་སྐྱེས་སྲོག་ཆགས་སྣ་ཚོགས་ཀྱི་ཉེས་དོན་གྱོད་གཞི49ལ་མྱུལ་ཞིབ་ཐག་གཅོད་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར་གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་ནགས་ཚལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་ནས་ཤེས་རྟོགས་བྱུང་བར་གཞིགས་ན།  2020ལོ་ནས་བཟུང་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ནགས་ཚལ་སྤྱི་བདེ་ལས་ཁུངས་ཀྱིས་རི་སྐྱེས་སྲོག་ཆགས་དོ་དམ་སྡེ་ཁག་ལ་རོགས་རམ་བྱས་ནས་རི་སྐྱེས་སྲོག་ཆགས271ལ་རོགས་སྐྱོབ་བྱས་པ་རེད།  མཚོ་སྔོན་ཉེན་རྟོག་ཕྱོགས་ཀྱིས་ནགས་ཚལ་དང་རི་སྐྱེས་སྲོག་ཆགས་སྣ་ཚོགས་ཀྱི་ཉེས་དོན་གྱོད་གཞི49ལ་མྱུལ་ཞིབ་ཐག་གཅོད་བྱས་པ་དང་།  མི79འཛིན་བཟུང་བྱས།  རྒྱལ་ཁབ་ཀྱི་རིམ་པ་དང་པོ་དང་གཉིས་པའི་རི་སྐྱེས་སྲུང་སྐྱོང་སྲོག་ཆགས་དང་དེའི་དངོས་རྫས3495རྩད་ཆོད་པ་དང་།  གྱོད་འབྲེལ་རིན་ཐང་སྒོར་ཁྲི241ཟིན་པརེད།  བསྡོམས་པས་ཉེས་གསོག་ཚོགས་པ6མེད་པར་བཟོས་པ་དང་ནགས་ཚལ་དང་འབྲེལ་བ་ཡོད་པའི་སྲིད་འཛིན་གྱོད་གཞི219ཐག་གཅོད་བྱས་པ་རེད། 

2020ལོར།  ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ནགས་ཚལ་སྤྱི་བདེ་ལས་ཁུངས་ཀྱིས་རྒྱུན་མཐུད་ངང་གཅིག་སྡུད་སྒོས་མེ་ཏོག་འདབ་ཆགས་ཀྱི་ཉ་འབུ་ཚོང་ར་དང་།  ཚོང་འདུས་ཚོང་ར།  ཀྲུང་ལུགས་སྨན་རྒྱུ་ཚོང་ར།  རི་སྐྱེས་སྲོག་ཆགས་འདུལ་གསོ་རྒྱུད་སྤེལ་ར་བ།  བཟའ་བཏུང་ར་བ།  སྐུར་སྐྱེལ་ལས་རིགས།  རང་བྱུང་སྲུང་སྐྱོང་ཁུལ་སོགས་གཙོ་གནད་ས་ཁོངས་ཀྱི་རི་སྐྱེས་སྲོག་ཆགས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་བཅོས་སྒྲིག་བྱས་ནས།  “མཉམ་འབྲེལ་སྒོས་རི་སྐྱེས་སྲོག་ཆགས་སྒྲིག་འགལ་ངང་ཉོ་ཚོང་བྱེད་པར་རྡུང་རྡེག་གཏོང་བའི་ཆེད་དོན་ཁྲིམས་འཛིན་བྱ་སྤྱོད”དང“2020ལོའི་ཁུ་ནུ”།  “སྐྱེ་ཁམས་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་བྱ་སྤྱོད”།  “འབྲི་ཆུའི་འབབ་རྒྱུད་དུ་ཁྲིམས་འགལ་ངང་ཉ་འཛིན་པར་རྡུང་རྡེག་གཏོང་བ”སོགས་ཀྱི་ཆེད་དོན་བྱ་སྤྱོད་ཐེངས་མང་སྤེལ་བ་རེད། 

ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོང་མུ་མཐུད་དུ་སྟོབས་ཆེན་དུ་གྱུར་པ་དང་།  མང་ཚོགས་ཀྱིས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་སྔར་ལས་མཐོ་རུ་ཕྱིན་ནས།  མང་ཚོགས་མང་པོ་ཞིག་རང་འགུལ་ངང་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་བྱེད་པའི་དཔུང་ཁག་ནང་ཞུགས་པས།  མཚོ་སྔོན་གྱི་རི་སྐྱེས་སྲོག་ཆགས་ཀྱི་གྲངས་ཚད་རིམ་གྱིས་ཇེ་མང་དུ་ཕྱིན་ཡོད། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།