2020ལོའི་དགུན་དུས་ཀྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཚན་རིག་རྟོག་ཞིབ་ལེགས་པར་གྲུབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གོ་ཚན་རིག་ཁང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཞིབ་འཇུག་ཁང་གིས་འབྲེལ་ཡོད་ཞིབ་འཇུག་ལས་ཁུངས་དག་མཉམ་འབྲེལ་རྩ་འཛུགས་བྱས་ཏེ2020ལོའི་དགུན་དུས་ཀྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ལེ་ཁྲི་རྩྭ་ཐང་སོགས་ས་ཁོངས་སུ་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་བྱས་ནས་དུས་རབས་གསར་པའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་ལ་ཚན་རིག་དང་མཐུན་པའི་ཐབས་ཇུས་ཀྱི་གཞི་འཛིན་ས་མཁོ་འདོན་བྱས། 

1.jpg

ཐེངས་འདིའི་ཚན་རིག་རྟོག་ཞིབ་ནང་ཐད་འཕུར་གནམ་གྲུས་མཐོང་འོད་དང་རླབས་འབྲིང་དམར་ཕྱིའི་ཐིག སྐུལ་འོད་ལེ་ཏཱ་སོགས་སྒྲིག་ཆས་སྤྱད་དེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རྨིག་ཐོགས་སྲོག་ཆགས་ཁྱུ་ཚོགས་ཀྱི་བསྡོམས་འབོར་ལ་བརྟག་དཔྱད་དང་ཚོད་ལྟས་ར་སྤྲོད་བྱས་ལ། ལེ་ཁྲི་རྩྭ་ཐང་གི་སྤྱི་ལེ་ངོས་གྲུ3000ཙམ་གྱི་ས་ཁོངས་ནང་གི་སྲོག་ཆགས་དང་སྔོ་ཁེབས་ཁྱབ་ཚུལ་ལ་ཁྱོན་ཡོངས་ནས་མཐིལ་རྟོགས་བྱས་པ་རེད། 

ཆུ་ཚོད20ཙམ་གྱི་འཕུར་སྐྱོད་བརྒྱུད། བར་སྣང་ནས་རྩྭ་གཟན་སྲོག་ཆགས་ཆེ་གྲས་དང་། སྔོ་ཁེབས། ཆུ་བོ། ས་གཤིས་ས་དབྱིབས་སོགས་ཀྱི་དྭངས་གསལ་བརྙན་པར་ཁྲི3ལྷག་བླངས་པ་དང་། འོད་ཤལ་མཐོ་བ་དང་ཡོན་འདར་འོད་རླབས་སོགས་ཚན་རིག་གི་གཞི་གྲངས་དཔྱད་ཡིགTཡན་ཐོབ་ཡོད།

གཞན་ཡང་། ཚན་རིག་རྟོག་ཞིབ་ཚོགས་པས་ད་དུང་རྩི་ཤིང་གི་ས་ངོས་ཀྱི་ཟུར་ལྟའི་མ་དཔེ་དང་སྐྱེ་དངོས50ལྷག་འཚོལ་བསྡུ་བྱས་པ་དང་། གཙོད་དང་ཨ་པྲའི་གཟུགས་གཞི་དང་འཇུ་ལམ་ནང་གི་དངོས་རྒྱུ་སོགས་གསོན་གཟུགས་མ་དཔེ100ལྷག་འཚོལ་བསྡུ་བྱས་ཡོད། དེ་དག་གིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྲོག་ཆགས་དང་རྩི་ཤིང་བརྟག་དཔྱད་དང་། ཨ་ཆེན་གངས་རྒྱབ་ས་ཁུལ་གྱི་ཆུའི་ཐོན་ཁུངས་དང་ས་གཤིས་ས་དབྱིབས་ཞིབ་འཇུག་ལ་ཚན་རིག་གི་དཔྱད་ཡིག་རྩ་ཆེན་མཁོ་འདོན་བྱས་ཡོད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།