མཚོ་སྔོན་ཞིང་ཆེན་གྱི་རྫོང་རིམ་པའི་སྲིད་འཛིན་ས་ཁོངས་སྟེགས་བུ་ཡིན་པའི་རྒྱལ་ཁབ་རིམ་པའི་གཉིས་གཏོད་དཔེ་སྟོན་རྟེན་གཞི་ཐོག་མ་འཛུགས་སྐྲུན་ལ་ཆོག་མཆན་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས《སྐོར་ཁག་གསུམ་པའི་དམངས་ཀྱི་བྱ་བཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་དཔེ་སྟོན་རྟེན་གཞི་འཛུགས་སྐྲུན་བྱེད་པའི་སྐོར་གྱི་བརྡ་སྦྱོར》དཔར་འགྲེམ་བྱས་ཏེ། སྐོར་ཁག་གསུམ་པའི་དམངས་ཀྱི་བྱ་བཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་དཔེ་སྟོན་རྟེན་གཞི་འཛུགས་སྐྲུན་བྱེད་པའི་བྱ་བར་བཀོད་སྒྲིག་བྱས། རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་ལས་ཁུངས92སྐོར་ཁག་གསུམ་པའི་དཔེ་སྟོན་རྟེན་གཞིར་གཏན་འཁེལ་བྱས་ཤིང་། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་འོས་སྦྱོར་བྱས་པ་བརྒྱུད། ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་དེའི་ཁྲོད་བདམས་ཐོན་བྱུང་ཞིང་། འདི་ནི་མཚོ་སྔོན་དུ་འཛུགས་སྐྲུན་ཆོག་མཆན་ཐོབ་པའི་རྒྱལ་ཁབ་རིམ་པའི་དཔེ་སྟོན་རྟེན་གཞི་གཉིས་པ་ཡིན་པ་མ་ཟད། མཚོ་སྔོན་གྱི་རྫོང་རིམ་པའི་སྲིད་འཛིན་ས་ཁོངས་སྟེགས་བུ་ཡིན་པའི་རྒྱལ་ཁབ་རིམ་པའི་དཔེ་སྟོན་རྟེན་གཞི་ཐོག་མའང་ཡིན་པ་རེད། 

2016ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་གཉིས་གཏོད་དཔེ་སྟོན་རྟེན་གཞི་ཐོག་མ་གཏན་འཁེལ་བྱས་པའི་ཚུན་ལ། ལོ་ངོ་མང་པོའི་འཕེལ་རྒྱས་བརྒྱུད། གསར་གཏོད་གཉིས་ཀྱི་སྲིད་ཇུས་ཁོར་ཡུག་འཐུས་ཚང་དང་། རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་དང་། གསར་གཏོད་གཉིས་ཀྱི་སྐྱེ་ཁམས་ཁོར་ཡུག་འཕེལ་རྒྱས་འཛུགས་སྐྲུན། མུ་མཐུད་དུ་གསར་གཏོད་གཉིས་ཀྱི་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་བ་གསར་སྐྲུན་སོགས་ཀྱི་ཐད་འཚོལ་ཞིབ་དང་ཚོད་ལྟ་མང་པོ་བྱས་ནས། གསར་གཏོད་གསར་སྐྲུན་གྱི་རྣམ་པ་དང་དཔེ་མཚོན་ཉམས་མྱོང་སྐོར་ཞིག་གྲུབ་པར་བྱས་ཡོད། 

རྗེས་མར། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ། ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་དུ་ཞིབ་འཇུག་གསར་སྤེལ་དང་། ཐོན་ལས་དཔེ་སྟོན་གྱི་བྱེད་ནུས་གཞི་གཅིག་ཅན་གྱི་ལས་སྐྲུན་གསར་སྐྲུན་ལ་རྒྱབ་སྐྱོར་བྱས་ནས་གཉིས་གཏོད་དཔེ་སྟོན་རྟེན་གཞིའི་བྱེད་ནུས་དང་ཕན་འབྲས་མཐོ་རུ་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།