ཝང་ཡུས་ཡན་གྱིས་ལི་ཏུའུ་ཆུས་སུ་སྡེ་བའི་ཏང་ཀྲི་པུའུ་སྐབས་བརྗེའི་འདེམས་བསྐོ་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ1པོའི་ཚེས4ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། རྩ་འཛུགས་པུའུ་ཀྲང་ཝང་ཡུས་ཡན་མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུས་སུ་སོང་ནས་སྡེ་བའི་ཏང་ཀྲི་པུའུ་སྐབས་བརྗེའི་འདེམས་བསྐོ་བྱ་བར་རྟོག་ཞིབ་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། མཚོ་ཤར་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཉའོ་ཁྲུན་ཡུན་རྟོག་ཞིབ་ཁྲོད་ཞུགས།

ཝང་ཡུས་ཡན་འཁོར་དང་བཅས་པས་ཆུས་ཐན་གྲོང་རྡལ་ཞུས་ཅ་ཐའེ་སྡེ་བའི་ཏང་ཀྲི་པུའུ་སྐབས་བརྗེའི་འདེམས་བསྐོ་ཚོགས་ཆེན་ལ་སྐོར་ཞིབ་བྱས་ཏེ། སྡེ་བ་དེའི་ཚོགས་འདུའི་སྔོན་གྱི་གྲ་སྒྲིག་དང་། སྐབས་བརྗེའི་གོ་རིམ་ཚད་ལྡན། འདེམས་ཤོག་འདེམས་བསྐོའི་སྒྲུབ་ཐབས་ལ་ཁས་ལེན་གང་ལེགས་གནང་བ་མ་ཟད། གསར་དུ་བདམས་ཐོན་བྱུང་བའི་སྡེ་བའི་ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་ལ་བླང་བྱ་བཏོན། ཁོ་མོས་བསྟན་དོན། སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་བའི་ཏང་ཀྲི་པུའུ་ཡི་སྐབས་བརྗེའི་ལས་དོན་དེ་སྡེ་བའི་ཡུན་རིང་གི་འཕེལ་རྒྱས་དང་མཁར་གྲོང་གི་གཞི་རིམ་སྲིད་སྐྱོང་རྨང་གཞི་བརྟན་འཇགས་ལ་འབྲེལ་བ་ཡོད་ཅིང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བྱས་ནས། ཞིང་ཆེན་ཡོངས་ཀྱི་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་བའི་ཏང་ཀྲི་པུའུ་འདེམས་བསྐོའི་བྱ་བའི་སྐུལ་སློང་ཚོགས་ཆེན་གྱི་དགོངས་དོན་ལག་ལེན་དོན་འཁྱོལ་བྱས་ནས། གྲོང་སྡེའི་འཕེལ་རྒྱས་ལ་སྣེ་ཁྲིད་པ་དང་སྲོག་ཤིང་འདེམས་པར་ཁག་ཐེག་བྱས་ཏེ། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་རྩ་འཛུགས་ཀྱི་ཁག་ཐེག་མཁོ་འདོན་བྱེད་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།