མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུས་རྒྱུགས་ལེན་དཔྱད་ཞིབ་ཀྱི་སྣེ་ཁྲིད་དེ་ཏང་གཟབ་ནན་གྱིས་སྐྱོང་བའི་འགན་འཁྲི་དོན་འཁྱོལ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལྟར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་བརྒྱད་ཀྱིས་ཞིབ་བཤེར་རྒྱུགས་ལེན་དཔྱད་ཞིབ་ཚན་ཆུང་གི་སྣེ་ཁྲིད་དེ། གྲོང་ཁྱེར་དང་ཁུལ3དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་33ཡི་2020ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་འགན་འཁྲི་དོན་འཁྱོལ་གནས་ཚུལ་གྱི་ཞིབ་བཤེར་རྒྱུགས་ལེན་དཔྱད་ཞིབ་བྱ་བ་ལེགས་འགྲུབ་བྱས།

ཐེངས་འདིའི་ཞིབ་བཤེར་རྒྱུགས་ལེན་དཔྱད་ཞིབ་ལ་མཚོ་སྔོན་ཞིང་ཆེན་ཏང་ཨུས་མཐོང་ཆེན་བྱེད་བཞིན་ཡོད་ཅིང་། བློ་མཐུན་ཝང་ཅན་ཅུན་གྱིས་རྒྱུགས་ལེན་དཔྱད་ཞིབ་བྱེད་ཐབས་ལ་ཞིབ་བཤེར་གཏན་འབེབ་བྱས། ཞིང་ཆེན་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་འགན་འཁྲི་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་རྒྱུགས་ལེན་དཔྱད་ཞིབ་ཀྱི་ནང་དོན་དང་སྐར་མ་རྒྱག་པའི་ཚད་གཞི་འཐུས་ཚང་དུ་བཏང་ནས། རྒྱུགས་ལེན་དཔྱད་ཞིབ་ཀྱིས་ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བའི་བླང་བྱ་གསར་བ་མངོན་པར་མཚོན་ཡོད། རྒྱུགས་ལེན་དཔྱད་ཞིབ་ཁྲོད། ཝང་ཅན་ཅོན་དང་ཞིན་ཁྲང་ཞིང་། མགོན་པོ་བཀྲ་ཤིས། ཐིན་ཅ་ཚའེ། ལིས་ཅའེ་ཞང་། ཡུས་ཚུང་ལི། མཱ་ཅི་ཞའོ་བཅས་ཀྱིས་སོ་སོར་རྒྱུགས་ལེན་དཔྱད་ཞིབ་ལས་ཁུངས་དང་། རྒྱུགས་ལེན་དཔྱད་ཞིབ་ཚོགས་ཆེན་སྟེང་ཞུགས་པ་དང་། རྒྱུགས་ལེན་དཔྱད་ཞིབ་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་མི་སྒེར་ལ་གླེང་མོལ་བྱས་ཏེ། སྲིད་གཙང་གི་བླང་བྱ་བཏོན་ནས། རིམ་པ་སོ་སོའི་ཏང་སྲིད་འགོ་ཁྲིད་ལས་བྱེད་པས་འགན་འཁྲི་གཙོ་བོ་ལག་བསྟར་བྱེད་པར་མིག་དཔེ་བསྟན། 

རྒྱུགས་ལེན་དཔྱད་ཞིབ་ཚན་ཆུང་སོ་སོས་གནད་དོན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་དང་། རིམ་པ་སོ་སོའི་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བར་སྐུལ་མ་དང་། གཟབ་ནན་གྱིས་འགན་འཁྲི་ལག་བསྟར་བྱེད་པའི་དུས་མཚུངས་སུ། རྒྱུགས་ལེན་དཔྱད་ཞིབ་ཁྲོད་ཀྱི་གནད་དོན་དེར་རྒྱུགས་ལེན་དཔྱད་ཞིབ་ལས་ཁུངས་ལ་ལན་སློག་པ་དང་། མིང་རྟགས་འགོད་པ། ལེགས་བཅོས་བླང་བྱ་བཏོན་ཏེ། རྒྱུགས་ལེན་དཔྱད་ཞིབ་མཇུག་འབྲས་དེ་ཞིང་ཆེན་ཡོངས་སུ་ཡོངས་བསྒྲགས་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།