མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་གྱིས་གྲོང་ཁྱེར་དང་ཁུལ། ཞིང་ཆེན་ཐད་གཏོགས་ལས་ཁུངས། བཟོ་ལས་གླིང་ཁུལ་གྱི2020ལོའི་བྱ་བའི་ཕན་འབྲས་ལ་དཔྱད་འཇོག་བྱེད་པའི་བྱ་བ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ས་གནས་སོ་སོ་དང་ལས་ཁུངས་སོ་སོའི་བྱ་བའི་ཕན་འབྲས་ལ་དཔྱད་འཇོག་བྱ་ཆེད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་བ་མཇུག་སྒྲིལ་རྗེས། མཚོ་སྔོན་གྱིས་ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་གྱིས་གྲོང་ཁྱེར་དང་ཁུལ། ཞིང་ཆེན་ཐད་གཏོགས་ལས་ཁུངས། བཟོ་ལས་གླིང་ཁུལ་གྱི་འགོ་ཁྲིད་རྩ་འཛུགས་དང་འགོ་ཁྲིད་ལས་བྱེད་པའི2020ལོའི་བྱ་བའི་ཕན་འབྲས་ལ་དཔྱད་འཇོག་བྱེད་པའི་བྱ་བ་རྩ་འཛུགས་བྱས་ཤིང་། དམིགས་ཡུལ་ནི་ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་། རྗེས་སྣོན་ཨུ་ཡོན་གྱིས་ས་གནས་སོ་སོ་དང་ལས་ཁུངས་སོ་སོའི་བྱ་བའི་ཕན་འབྲས་ཀྱི་ཡིད་ཚིམས་ཚད་ལ་རྒྱུས་ལོན་དང་ཁོང་དུ་ཆུད་པར་བྱེད་པ་དེ་ཡིན། 

ཐེངས་འདིའི་འགོ་ཁྲིད་རྩ་འཛུགས་ཀྱི་དཔྱད་འཇོག་གི་ཁ་གཏོད་ས་ནི་གྲོང་ཁྱེར་དང་ཁུལ8དང་། ཞིང་ཆེན་ཐད་གཏོགས་ལས་ཁུང60། བཟོ་ལས་གླིང་ཁུལ3ཡིན་པ་དང་། དཔྱད་འཇོག་གི་ནང་དོན་ནི2020ལོའི་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་ལེགས་འགྲུབ་གནས་ཚུལ་དང་། བྱ་བའི་དངོས་འབྲས་དང་བྱ་བའི་ཕན་འབྲས་ལ་དཔྱད་འཇོག་བྱས་པ་དང་། དཔྱད་འཇོག་རེའུ་མིག་དེ་ཞིང་ཆེན་ཡོངས་ཀྱི་དམིགས་འབེན་ལས་འགན་དཔྱད་ཞིབ་ཚན་ཆུང་ལྟར་བཀོད་སྒྲིག་དང་འབྲེལ་ཡོད་ཕུལ་བྱུང་རྩ་འཛུགས་ཀྱི་གཟེངས་བསྟོད་ཀྱང་བྱས་ཡོད། འགོ་ཁྲིད་ལས་བྱེད་པའི་དཔྱད་འཇོག་ཁ་གཏོད་ས་ནི་གྲོང་ཁྱེར་དང་ཁུལ་གྱི་ཏང་སྲིད་འགོ་ཁྲིད་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱིས་ཉིན་རྒྱུན་གྱི་བྱ་བའི་ལས་དོན་ལ་འགན་ཁུར་བའི་འགན་ཁུར་བློ་མཐུན་གཙོ་བོ་དང་བཟོ་ལས་གླིང་ཁུལ་གྱི་དོ་དམ་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་གཙོ་བོ་བཅས་ཁྱོན་བསྡོམས་འགོ་ཁྲིད་ལས་བྱེད་པ74དང་འབྲེལ་བ་ཡོད་ཅིང་། དཔྱད་འཇོག་གི་ནང་དོན་ནི2020ལོའི་ལས་འགན་འགན་འཁྲི་དང་། བྱ་བའི་དངོས་འབྲས། བྱ་བའི་ནུས་པ། བྱ་བའི་ལས་ཕྱོད་སོགས་ཀྱི་ནང་དོན་ཡོད་ཅིང་། དཔྱད་འཇོག་རེའུ་མིག་ཁྲོད《ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་དཔྱད་ཞིབ་བྱ་བའི་སྲོལ་ཡིག》གི་གཏན་འཁེལ་གྱི་བསྡུར་ཚད་ལྟར་ཕུལ་བྱུང་འགོ་ཁྲིད་ལས་བྱེད་ཀྱི་གྲངས་ཀ་དཔྱད་འཇོག་བྱས་ཡོད།། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།