མཚོ་སྔོན་དགེ་ཐོན་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་མཐོ་རིམ་སློབ་གྲྭའི་མཉམ་འབྲེལ་གྲོས་ཚོགས་སྐབས་གསུམ་པ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  2020ལོའི་ཟླ་བཅུ་གཉིས་པའི་ཚེས་སུམ་ཅུ་ཉིན། མཚོ་སྔོན་དགེ་ཐོན་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་མཐོ་རིམ་སློབ་ཆེན་གྱི་མཉམ་འབྲེལ་གྲོས་ཚོགས་སྐབས་གསུམ་པ་དྲ་རྒྱ་བརྙན་རིས་ཀྱི་རྣམ་པའི་སྒོ་ནས་བསྡུས། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། པེ་ཅིན་དགེ་ཐོན་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཅན་ཕིང་གིས་གྲོས་ཚོགས་ལ་འགོ་མཛིན་བྱས། ཧྲན་ཏུང་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཀའོ་ཞིན་ལིས་དང་ལན་ཀྲི་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་མཱ་ཞོ་ཅེ་དང་སློབ་གསོ་པུའུ། ཧྲན་ཞི་དགེ་ཐོན་སློབ་ཆེན། རྒྱལ་སའི་དགེ་ཐོན་སློབ་ཆེན། པེ་ཅིན་ལུས་རྩལ་སློབ་ཆེན། ལྷོ་ཕྱོགས་ཚན་རྩལ་སློབ་ཆེན་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

དབྱང་ཀྲི་ཝུན་གྱིས་སློབ་གསོ་པུའུ་དང་ཁ་གཏད་རོགས་སྐྱོར་བྱེད་མཁན་སོ་སོ། མཉམ་ལས་མཉམ་འཛུགས་སློབ་ཆེན་བཅས་ཀྱིས་མཚོ་སྔོན་དགེ་ཐོན་སློབ་ཆེན་ལ་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཞུས། ཁོས་བསྟན་དོན། མཉམ་འབྲེལ་གྲོས་ཚོགས་སྐབས་གཉིས་པའི་ཚུན་དུ། མཐོ་རིམ་སློབ་ཆེན་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱས་པ་དང་། སློབ་གསོ་ཐད་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་འཐབ་ཇུས་ལག་བསྟར་ནན་མོ་བྱས་ལ། ཆབ་སྲིད་ཀྱི་རང་རྟོགས་དང་འགན་འཁྲི་ཁག་ཁུར་མཐོན་པོས། སློབ་མ་སྐྱེད་སྲིང་བྱེད་པ་དང་སློབ་ཚན་འཛུགས་སྐྲུན། དགེ་རྒན་གྱི་ནུས་པ་མཐོར་འདེགས། ཚན་རིག་ཞིབ་འཇུག་སོགས་ཕྱོགས་ནས་མཚོ་སྔོན་དགེ་ཐོན་སློབ་ཆེན་ལ་ཁྱོན་ཡོངས་དང་རིམ་པ་མི་འདྲ་བའི་སྒེར་མེད་རོགས་སྐྱོར་བྱས་ཏེ། མཚོ་སྔོན་སློབ་ཆེན་གྱི་མཆོང་བརྒལ་རང་བཞིན་གྱི་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།