ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་འགལ་བའི་དཔེ་མཚོན་གནད་དོན3གྱི་བརྡ་ཁྱབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  གནམ་ལོ་སར་ལ་ཉེ་བའི་དུས་སུ། སྤྱོད་ཚུལ་གྱི་སྒྲིག་ཁྲིམས་སྔར་བས་གཟབ་ནན་དུ་གཏོང་བ་དང་།  སྒྲིག་ཁྲིམས་ལག་བསྟར་ཇི་ཙམ་བྱས་ན་དེ་ལྟར་གཟབ་ནན་ཡིན་པའི་བརྡ་རྟགས་རྒྱུན་མཐུད་ངང་འདོན་ཆེད།  མཚོ་སྔོན་ཞིང་ཆེན་གྱིས་ཞིབ་བཤེར་ཐག་གཅོད་བྱས་པའི་ཀྲུང་དབྱང་གི་གཏན་འཁེལ་དོན་ཚན་བརྒྱད་དང་འགལ་བའི་དཔེ་མཚོན་གནད་དོན3ལ་བརྡ་ཁྱབ་བཏང་བ་གཤམ་གསལ་ལྟར། 

མཚོ་བྱང་ཁུལ་ཨུའི་རྒྱུན་ཨུ་སྔོན་མའམ་མིན་ཡོན་རྫོང་ཨུའི་ཧྲུའུ་ཅི་སྔོན་མ་པའེ་ཧྲུན་ཞིང་གིས་སྒྲིག་འགལ་ངང་དོ་དམ་ཞབས་ཞུ་བྱ་ཡུལ་གྱིས་མཁོ་འདོན་བྱས་པའི་ཡུལ་སྐོར་སོགས་དང་ལེན་བྱས།  2016ལོར་པའེ་ཧྲུན་ཞིང་གིས་གཏན་འབེབས་ལས་འགལ་ནས་སྒེར་གཉེར་ཁེ་ལས་སྦྱིན་བདག་གིས་རང་ཉིད་ཀྱི་ཆུང་མར་མཁོ་འདོན་བྱས་པའི་ཕྱི་རྒྱལ་དུ་ཡུལ་སྐོར་དུ་བསྐྱོད་པར་གྲོན་སྒོར4000སྤྲད་པ་དང་ལེན་བྱས་པ་དང་།  པའེ་ཧྲུན་ཞིང་ལ་ད་དུང་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་གཞན་དག་ཡོད་པས།  2019ལོའི་ཟླ11པར་ཏང་ལས་ཕྱིར་ཕུད་དང་གཞུང་གི་ལས་གནས་ནས་ཕྱིར་ཕུད་བྱས་ཤིང་།  ཉེས་གསོག་དོགས་ཡོད་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་དང་ཞུ་གཏུག་བྱེད་རྒྱུར་སྤྲད་པ་རེད། 

མཚོ་ཤར་གྲོང་ཁྱེར་སྤྱི་བདེ་ཅུའུ་ཉེན་རྟོག་ལས་དོན་འགན་སྲུང་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་སྔོན་མའམ་རྨང་གཞི་འཛུགས་སྐྲུན་གཞུང་དོན་ཁང་གི་ཀྲུའུ་རིན་གཞོན་པ་སྔོན་མ་ཞིན་ཧྥུ་རེན་གྱིས་དྲང་གཞག་ངང་གཞུང་དོན་སྒྲུབ་པར་ཤུགས་རྐྱེན་ཐེབས་སྲིད་པའི་གསོལ་སྟོན་སོགས་ཀྱི་གནད་དོན་དང་ལེན་བྱས་པ་རེད།  2016ལོར་ཞིན་ཧྥུ་རེན་གྱིས་ཕྱི་ཕྱོགས་སུ་གློག་སྐས་ཐོན་སྐྱེད་བཟོ་གྲྭར་རྟོག་ཞིབ་བྱེད་སྐབས་འབྲེལ་ཡོད་བཟོ་གྲྭའི་གསོལ་སྟོན་ཐེངས་མང་ཞིག་དང་ལེན་བྱས་པ་དང་།  2017ལོ་ནས2018ལོའི་བར་ཞིན་ཧྥུ་རེན་གྱིས་སྒེར་གཉེར་ཁེ་ལས་ཀྱིས་ཕྱིན་པའི་ཆང་དང་དུ་བ་བླངས་པ་མ་ཟད།  ཞིན་ཧྥུ་རེན་ལ་ད་དུང་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་གཞན་དག་ཡོད་པས།  2020ལོའི་ཟླ3པར་ཏང་ལས་ཕྱིར་ཕུད་པ་དང་སྲིད་དོན་ལས་གནས་ཀྱི་གོ་གནས(རིམ་པ་གཉིས་པའི་ཁོ་ཡོན་དུ་ཕབ)བླངས་པ་རེད། 

རྨ་ལྷོ་ཁུལ་སྨན་ཁང་གི་ཏང་ཨུའི་ཧྲུའུ་ཅིའམ་ཡོན་ཀྲང་སྔོན་མ་ལང་ཁོ་ཡིས་སྒྲིག་འགལ་ངང་སྐྱེས་དངུལ་བླངས་པ་སོགས་ཀྱི་གནད་དོན་ཡོད་པ་རེད།  2013ལོ་ནས2019ལོའི་བར་ལང་ཁོ་ཡིས་སྨན་རྫས་དང་།འཕྲོད་བསྟེན་རྒྱུ་ཆ།  སྨན་བཅོས་ཡོ་བྱད་མཁོ་འདོན་ཚོང་པས་གསོལ་སྟོན་ཐེངས་མང་ལེན་བྱས་པ་མ་ཟད།  གཞན་གྱིས་ཕྱིན་པའི་ལག་སྐྱེས་སྒོར་ཁྲི6བླངས་པ་རེད།  ལང་ཁོར་ད་དུང་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་གཞན་དག་ཀྱང་ཡོད་པས།   2020ལོའི་ཟླ10པར་ཏང་ནང་དུ་བཞག་ནས་ལོ་གཉིས་ལ་ལྟ་ཞིབ་བྱས་པ་དང་།  སྲིད་དོན་ལས་གནས་ཀྱི་གོ་གནས(དོ་དམ་ལས་གནས་ཀྱི་རིམ་པ་བདུན་པར་ཕབ)བླངས་པ་རེད།  །

ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གིས།

2020ལོའི་ཟླ12པའི་ཚེས30ཉིན། 

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།