མཚོ་སྔོན་ཞིང་ཆེན་གྱིས་ཐེངས་དང་པོའི་ཆ་འཕྲིན་དྲ་རྒྱའི་ལྟ་ཉན་ལེ་ཚན་བརྒྱུད་བསྒྲགས་ཀྱི་ཆོག་འཐུས་ལག་ཁྱེར་སྤྲད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ12པའི་ཚེས29ཉིན།  མཚོ་སྔོན་ཞིང་ཆེན་གྱི་ཐེངས་དང་པོའི“ཆ་འཕྲིན་དྲ་རྒྱའི་་ལྟ་ཉན་ལེ་ཚན་བརྒྱུད་བསྒྲགས་ཀྱི་ཆོག་འཐུས་ལག་ཁྱེར”སྤྲོད་པའི་མཛད་སྒོ་ཟི་ལིང་དུ་འཚོགས་ཤིང་།  ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་ཟི་ལིང་གྲོང་ཁྱེར་ཏ་ཐུང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་དང་།  ཧོང་ཀྲུང་ས་ཁུལ།  ཧོང་ཡོན་རྫོང་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་སོགས་རྫོང་རིམ་པའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་བཞིར“ཆ་འཕྲིན་དྲ་རྒྱའི་་ལྟ་ཉན་ལེ་ཚན་བརྒྱུད་བསྒྲགས་ཀྱི་ཆོག་འཐུས་ལག་ཁྱེར”སྤྲད་པ་རེད། 

རྒྱུས་ལོན་པ་ལྟར་ན།  ད་ལོའི་ཟླ9པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆུས་དང་གྲོང་ཁྱེར།  རྫོང་རིམ་པའི་ས་གནས་གསར་འགྱུར་ལས་ཁུངས་ཀྱི“ཆ་འཕྲིན་དྲ་རྒྱའི་ལྟ་ཉན་ལེ་ཚན་བརྒྱུད་བསྒྲགས་ཀྱི་ཆོག་འཐུས་ལག་ཁྱེར”ཞིབ་བཤེར་མཆན་འགོད་དབང་ཆ་ཞིང་ཆེན་རིམ་པའི་རྒྱང་སྒྲོག་བརྙན་འཕྲིན་དོ་དམ་སྡེ་ཁག་ལ་སྤྲོད་རྒྱུར་གཏན་འབེབས་བྱས་པ་རེད།  ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི“གློད་སྡོམ་ཞབས་གསུམ”བསྒྱུར་བཅོས་ཀྱི་རེ་བ་ལག་བསྟར་བྱས་ཏེ།  དྲ་ཕྱི་དང་དྲ་ཐོག་ཏུ་མཉམ་མྱོང་བརྗེ་རེས་ཀྱི་ལས་སྟེགས་བསྐྲུན་ནས“ཆ་འཕྲིན་དྲ་རྒྱའི་ལྟ་ཉན་ལེ་ཚན་བརྒྱུད་བསྒྲགས་ཀྱི་ཆོག་འཐུས་ལག་ཁྱེར”ལ་ཞིབ་མཆན་བཀོད་པ་དང་གཏོང་སྤྲོད་ལས་དོན་ལ་ཁྲིམས་ལྟར་གཅིག་གྱུར་གྱིས་སྐུལ་འདེད་བཏང་བ་རེད།  བྱ་སྤྱོད་དེས་ཞིང་ཆེན་ནང་ཁུལ་གྱི་རྫོང་རིམ་པའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་འཛུགས་སྐྲུན་དང་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་།  སྲོལ་རྒྱུན་སྨྱན་སྦྱོར་ལ་སྣེ་ཁྲིད་བྱས་ནས་དྲ་རྒྱའི་གླེང་ཕྱོགས་གཡུལ་ས་གཙོ་བོར་འགྱུར་བར་དོན་སྙིང་གལ་ཆེན་ལྡན་པ་རེད།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།