ཝང་ཅན་ཅུན་གྱིས་ཟི་ལིང་གྲོང་ཁྱེར་གྱི2020ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་ལག་བསྟར་དཔྱད་ཞིབ་གནས་ཚུལ་ལ་གཟིགས་རྟོག་མཛད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་གྱིས་རུ་ཁག་ཁྲིད་དེ། ཟི་ལིང་གྲོང་ཁྱེར་གྱི2020ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་ལག་བསྟར་གནས་ཚུལ་ལ་དཔྱད་ཞིབ་གཟིགས་རྟོག་མཛད། ཁོང་གིས་ནན་གསུང་གནང་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྱོན་ཡོངས་ནས་ཏང་ནན་མོར་སྐྱོང་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་བྱེད་པ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཐེངས་གསུམ་པ། ཐེངས་བཞི་པ། ཐེངས་ལྔ་པའི་དགོངས་དོན་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ཏང་གཤིས་བློ་སྦྱོང་ཇེ་དྲག་ཏུ་གཏོང་བ། འགན་འཁྲི་ཁག་ཁུར་ལ་ཤུགས་བསྣན་ནས། དེང་རབས་ཅན་འཛུགས་སྐྲུན་གྱི་འཐབ་ལམ་གསར་པ་མགོ་རྩོམ་པའི་ཐད་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་ཞེས་གསུངས།

ཝང་ཅན་ཅུན་གྱིས་བསྟན་དོན། ད་ལོའི་ཚུན་ལ། རིམས་ནད་འགོག་རྒོལ་དང་དཔལ་འབྱོར་གཏན་འཇགས། དམངས་ཚིས་འགན་སྲུང་། འབྱོར་འབྲིང་ལ་སྙེག་པ་བཅས་ཀྱི་ལས་འགན་ལྕི་མོར་ཁ་གཏད་དེ། ཟི་ལིང་གྲོང་ཁྱེར་གྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་ལག་བསྟར་བྱེད་རྒྱུ་འཇུག་སྒོ་བྱས་པ་དང་། མགོ་ཁྲིད་དང་པོས་རང་དཔེ་གཞན་སྟོན་བྱས་ལ། ཆབ་སྲིད་གླེང་བ་དང་ཁ་ཕྱོགས་ཁོང་དུ་ཆུད་པ། ཚན་ཁག་དམ་འཛིན། དཔུང་ཁག་སྣེ་ཁྲིད། སྤྱི་ཡོངས་ལ་ཇུས་འགོད་བཅས་བྱེད་པའི་སྒོ་ནས་གནོན་ཤུགས་བརྒྱུད་སྒྲོག་བྱེད་པར་ཤུགས་སྣོན་པ། གཞི་རིམ་སྐོར་ཞིབ་འབུར་དོད། མི་བཀོལ་ཁྲིད་ཕྱོགས་གཏན་ཁེལ། སྒྲིག་གཞི་རྐྱེན་སྲོལ་གསར་གཏོད། “གཡུལ་ས་གཉིས་”ཀྱི་དངོས་ཡོད་ཉམས་སད་ཐེག་པར་བྱས་ཏེ། ལས་དོན་སྣ་ཚོགས་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་པ་དང་། སྔོན་དཔག་ལས་བཟང་བའི་གྲུབ་འབྲས་ལེགས་པོ་བླངས་ཞེས་གསུངས།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཁོང་དུ་ཆུད་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པ་བཅས་ཀྱིས“འགན་འཁྲི་གཉིས”ཀྱི་ཐད་ལ་རེ་བ་གསར་པ་བཏོན་པ་དང་། འགན་འཁྲི་སེམས་ནས་རྟོགས་པ་དང་ལས་འགན་ཕྲག་ཏུ་ལེན་པ། འགན་འཁྲི་ལག་ཏུ་བསྟར་བ། ཏང་གཤིས་བློ་སྦྱོང་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ནས། འགན་འཁྲི་སྔར་ལས་ལག་བསྟར་ཁུར་ཕོད་བྱེད་དགོས། ཆབ་སྲིད་བློ་སྦྱོང་ནི་ལྟེ་བ་ཡིན། ཆབ་སྲིད་ཐད་ཀྱི་རང་འགུལ་ནི་ཆེས་ནུས་ལྡན་གྱི་རང་འགུལ་ཡིན་ལ། ཆབ་སྲིད་ཐད་ཀྱི་གཞན་དབང་ནི་ཆེས་ཉེན་ཁ་ཆེ་བའི་དབང་གཞན་ཡིན་པས། དར་ཆ་གསལ་པོས་ཆབ་སྲིད་གླེང་བ་དང་། ཆབ་སྲིད་གླེང་བ་ལ་བློ་ཐག་རྦད་ཆོད་ཀྱི“སྲུང་སྐྱོང་གཉིས”སྒྲུབ་ཐུབ་དགོས། གཞུང་ལུགས་བློ་སྦྱོང་ནི་རྨང་རྡོ་ཡིན། དུས་རབས་འཕེལ་རྒྱས་དང་གནས་བབ་འགྱུར་བཞིན་ཡོད་པས། དུས་དང་རྣམ་པ་ཀུན་ཏུ་སློབ་སྦྱོང་གཙུགས་སུ་འཛིན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་མར་ཁུ་སི་རིང་ལུགས་ཀྲུང་གོ་ཅན་འགྱུར་བའི་གྲུབ་འབྲས་གསར་ཤོས་འདི་བསམ་བློའི་དྲག་ཆས་སུ་བཟུང་ནས་ཐོས་བསམ་སྒོམ་སྒྲུབ་དང་སེམས་ཀྱི་རྟོགས་པ་གོང་དུ་འཕེལ་བར་བྱེད་དགོས། སྒྲིག་ལམ་བློ་སྦྱོང་ནི་མཐའ་ཐིག་ཡིན། དྲང་སྲུང་གསར་གཏོད་དང་སྒྲིག་སྲོལ་ཨང་དང་པོ་ཡིན་པར་བརྟེན། སེམས་ན་སྡོམ་ཁྲིམས་ཡོད་པའི་སྒྲིག་སྲོལ་བརྟན་སྲུང་དང་། ནམ་ཡང་རང་རྟོགས་རང་ཟོན་རང་སྐུལ་དང་སྒེར་གཟབ་ཞིབ་གཟབ་གྲོགས་གཟབ་སོགས་སྒྲུབ་ཐུབ་པ། སྒྲིག་ལམ་གྱིས་སྟོབས་ཤུགས་གཅིག་ཏུ་འགྲིལ་བ་དང་མཐུན་སྒྲིལ་མདུན་སྐྱོད་ལ་བརྟེན་དགོས། ལས་སྲོལ་བློ་སྦྱོང་ནི་གོ་རྟོགས་ཡིན། ལས་སྲོལ་ནི་སྤྱིའི་སྤུས་ཚད་མཚོན་བྱེད་ཡིན་ལ། མང་ཚོགས་ཁྲོད་ནས་ཡོང་བ་དང་མང་ཚོགས་ཁྲོད་དུ་འགྲོ་བའི་གཞི་རྐང་ཡང་ཡིན་པས། དཔོན་གནས་མཐོ་དམན་ལ་མ་ལྟོས་པར་ཐམས་ཅད་གཞུང་ཆས་ཡིན་པའི་འདུ་ཤེས་བཟུང་ནས། བདེ་ཐང་གི་འཚར་ལོངས་འབྱུང་བར་ངན་ཤུགས་ཐེབས་པའི་སྒེར་སེམས་བློ་སྣ་ཐམས་ཅད་ལ་འཐབ་རྩོད་བྱེད་དགོས།  གཤིས་རྒྱུད་བློ་སྦྱོང་ནི་ནང་སྙིང་ཡིན། ཡ་རབས་སྲོལ་བཟང་གིས་ཕྱུག་ན་ལས་དོན་ལེགས་པར་སྒྲུབ་ཐུབ་ལ། བློ་ཁོག་ཆེ་ཞིང་འགན་ཁུར་ཕོད་ན་མི་སེམས་དྲོ་བས། ཡ་རབས་སྲོལ་བཟང་དང་བློ་ཁོག་ཡངས་པོར་གོམས་ནས་མུ་མཐུད་དུ་ཏང་གཤིས་གོ་རྟོགས་སྦྱོང་བ་དང་བློ་ཁོག་འཇོན་གཤིས་མཐོར་འདེགས་གཏོང་དགོས། ནུས་པ་སྦྱོང་བ་ནི་གནད་འགག་ཡིན། གནས་ལུགས་ཁྲི་འབུམ་བཤད་ཀྱང་གོ་གནས་གཅིག་ཏུ་བསྡད་ནས་ས་ཕྱོགས་གཅིག་ལ་བདེ་སྐྱིད་བསྐྲུན་རྒྱུ་ནི་འགྱུར་མེད་ཀྱི་གནས་ལུགས་ཡིན་པས། གསོ་སྦྱོང་ནུས་འདེགས་ཀྱི་དགོས་གཏུགས་རང་བཞིན་ཆེར་བསྐྱེད་དེ་ལས་དོན་ལག་ལེན་ཁྲོད་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩལ་ནུས་སྦྱོང་དགོས་ཞེས་བསྟན། 

ཟི་ལིང་གྲོང་ཁྱེར་ཏང་ཨུའི་འགན་ཁུར་བློ་མཐུན་གྱིས་ཟི་ལིང་གྲོང་ཁྱེར་གྱི་ཏང་སྲིད་མགོ་ཁྲིད་ཚན་ཁག་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་བྱེད་པོའི་འགན་འཁྲི་ལག་བསྟར་བྱས་པའི་གནས་ཚུལ་སྙན་སྒྲོན་ཞུས་པ་དང་། ཟི་ལིང་གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་གྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་ལྟ་ཞིབ་འགན་འཁྲི་ལག་བསྟར་བྱས་པའི་གནས་ཚུལ་གྱི་སྙན་ཞུ་ཕུལ། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།