མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་ཚད་ལྡན་རང་བཞིན་གྱི་ཡིག་ཆ2491ལ་ཇེ་ཉུང་དུ་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས25ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིང་ཁྲིམས་འཛུགས་ཁྲུའུ་གཉིས་པ་ནས་རྒྱུས་ལོན་པ་ལྟར་ན། ཐེངས་བཞིར་ཁྱོན་ཡོངས་ནས་གཙང་སེལ་བྱས་པ་བརྒྱུད། ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་གྲངས་ཀ་དེ་དང་ཐོག་གི13681ནས2491ལ་ཇེ་ཉུང་དུ་བཏང་བ་དང་། དེང་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མི་འཚམ་པའི་ཡིིག་ཆ་དག་མེད་པར་བཟོས་ནས། སྲིད་འཛིན་བཀའ་བརྡ་ཤར་གཏོང་ལ་སྲུང་སྐྱོབ་བྱས་ཤིང་། མཚོ་སྔོན་གྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་བཏང་། 

སྲིད་འཛིན་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་གཙང་སེལ་བྱ་བའི་སྒྲིག་སྲོལ་ལ་སྐུལ་འདེད་བཏང་ནས། ད་ལྟ་སྤྱོད་བཞིན་པའི་བཅའ་ཁྲིམས་ཁྲིམས་ལུགས་དང་འབྲེལ་ཡོད་སྲིད་ཇུས་དང་མི་མཐུན་པའི་སྲིད་འཛིན་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དུས་ཐོག་ཏུ་གཙང་སེལ་བྱ་ཆེད།《རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིང་གིས་སྲིད་འཛིན་ཚད་ལྡན་རང་བཞིན་གྱི་ཡིག་ཆ་སྒྲིག་བཟོ་དང་ལྟ་སྐུལ་དོ་དམ་བྱ་བའི་སྐོར་གྱི་བརྡ་སྦྱོར》དང་《མཚོ་སྔོན་ཞིང་ཆེན་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་གྱི2020ལོའི་བྱ་བའི་གཙོ་གནད》ཀྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་གཙང་སེལ་བྱ་བའི་བླང་བྱ་ལྟར། ད་ལོའི་ལོ་སྨད་དུ། མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིང་གིས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་འཛིན་ལས་ཁུངས་རྩ་འཛུགས་ཀྱིས་ད་ཡོད་ཀྱི་སྲིད་འཛིན་ཡིག་ཆའི་ཚད་ལྡན་རང་བཞིན་ལ་གཙང་སེལ་ཐེངས་བཞི་བ་སྤེལ། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།