མཚོ་སྔོན་གཞོན་ནུ་ལོ་ཆུང་གི2021ལོའི་ལོ་སར་གླུ་དབྱངས་ཆེད་ཚོགས་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི26ཉིན། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ལྷན་གྱིས་གཙོ་སྒྲུབ་དང་། མཚོ་སྔོན་ཞིང་ཆེན་གཞོན་ནུ་ལོ་ཆུང་བྱ་འགུལ་ལྟེ་གནས་ཀྱིས་འགན་སྒྲུབ། ཟི་ལིང་གྲོང་ཁྱེར་དབྱིན་ཚའེ་སློབ་གྲྭས་རོགས་སྒྲུབ་བྱས་པའི“ཏང་གི་བཀའ་དྲིན་སེམས་ལ་བཟུང་ནས་ཏང་གི་བཀའ་ལ་ཉན། གཞོན་ནུའི་གླུ་སྐད་དུས་རབས་གསར་བར་འབུལ”ཞེས་པའི་མཚོ་སྔོན་གཞོན་ནུ་ལོ་ཆུང་གི2021ལོའི་ལོ་སར་གླུ་དབྱངས་ཆེད་ཚོགས་མཚོ་སྔོན་ཞིང་ཆེན་ཟློས་གར་ཁང་ཆེན་མོ་རུ་གཟབ་རྒྱས་ངང་ཚོགས་པ་དང་། ཞིང་ཆེན་མི་རབས་རྗེས་མར་ཐུགས་འཁུར་ལས་དོན་ཨུ་ཡོན་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་སུའུ་ཉིན་གླུ་དབྱངས་ཆེད་ཚོགས་སུ་ཞུགས། 

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་གླུ་དབྱངས་ཆེད་ཚོགས་ནི་མཚོ་སྔོན་ཞིང་ཆེན་གཞོན་ནུ་ལོ་ཆུང་བྱ་འགུལ་ལྟེ་གནས་ཀྱི་གཙོད་ཕྲུག་གླུ་དབྱངས་ཚོགས་པ་དང་། གླུ་དབྱངས་སྡེ་ཁག་གི་སློབ་མ་དང་དགེ་རྒན་བཅས་ཀྱིས་མཉམ་གཅིག་ཏུ་འཁྲབ་སྟོན་བྱས་ཤིང་། ལྷག་པར་གཙོ་སྒྲུབ་མཁན་གྱིས་རྒྱལ་ཁབ་རིམ་པ་དང་པོའི་བཀོད་འདོམས་པ་ཅང་ཞའེ་པུན་གདན་དྲངས་ནས་ཐེངས་འདིའི་གླུ་དབྱངས་ཆེད་ཚོགས་ཀྱི་སྒྱུ་རྩལ་ལ་བཀོད་འདོམས་བྱེད་དུ་བཅུག་པས།  《སྤྲིན་གྱི་ལྷོ་ཕྱོགས》《གནམ་སའི་གླུ》《ང་ཡི་མེས་རྒྱལ》《ང་དང་ང་ཡི་མེས་རྒྱལ》སོགས་ཀུན་ལ་རྒྱུས་མངའ་བའི་དབྱངས་འགྲོས་དང་མཉམ་དུ། ཡུལ་དངོས་ཀྱི་ལྟད་མོ་བས་དགའ་བསུའི་ཐལ་མོ་རྡེབ། 《དཔྱིད་ཀ》《འཆར་ཡུན་ལྡན་པའི་བརྩེ་དུང་གི་གཏམ་རྒྱུད》《ཞིང་བ་དང་སྙན་ངག་པ》སོགས་ནུབ་ཕྱོགས་ཀྱི་གླུ་དབྱངས་ཀྱིས་གླུ་དབྱངས་ལ་དུངས་བའི་གྲོགས་པོ་རྣམས་ལ་གཞོན་ནུ་ལོ་ཆུང་དག་གི་གླུ་དབྱངས་ལ་བྱང་ཆ་ལྡན་པའི་འཇོན་ནུས་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་པར་བྱས། 

ཐེངས་འདིའི་གླུ་དབྱངས་ཆེད་ཚོགས་ཀྱིས་མཚོ་སྔོན་གཞོན་ནུ་ལོ་ཆུང་བྱ་འགུལ་ལྟེ་གནས་ནི་རྒྱལ་ཡོངས་གཞོན་ནུ་ལོ་ཆུང་སློབ་ཕྱིའི་སློབ་གསོ་དཔེ་སྟོན་རྟེན་གཞི་ཡིན་པའི་ཆ་ནས། ཞིང་ཆེན་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་སློབ་ཕྱིའི་སློབ་གསོའི་བྱེད་ཐབས་ཀྱི་སྣེ་ཁྲིད་རང་བཞིན་དང་། དཔེ་སྟོན་རང་བཞིན་དང་སྤྱི་ཕན་རང་བཞིན་ཆེས་ཆེར་མངོན་པར་བྱས་ནས། གླུ་དབྱངས་བསླབ་ནས་འཚོ་བ་རོལ་ཤེས་པ་དང་། འཚོ་བར་དགའ་ཞེན་བྱེད་ཤེས་པ། དུས་རབས་གསར་བའི་མཐོ་སྒང་གི་གཞོན་ནུ་ལོ་ཆུང་བཟང་པོ་སྐྱེད་བསྲིང་བྱས་པ་བརྒྱུད། མཚོ་སྔོན་གྱི་གཞོན་ནུ་ལོ་ཆུང་གི་རིག་གནས་བྱ་གཞག་མཐོ་ཚད་གསར་བར་བསྐྱོད་པར་སྐུལ་འདེད་དང་། མཚོ་སྔོན་གྱི་གཞོན་ནུ་ལོ་ཆུང་གི་སློབ་ཕྱིའི་སློབ་གསོའི་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བར་རོགས་འདེགས་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།