མཚོ་སྔོན་མེ་གསོད་མེ་འགོག་མྱུར་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་མཚན་མོའི་ས་གཤིས་གནོད་འཚེའི་ཆེད་ལས་མྱུར་སྐྱོབ་བྱ་འགུལ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྔར་ལས་ལྷག་པའི་སྒོ་ནས་ས་གཤིས་གནོད་འཚེའི་འཕྲལ་བསྟུན་མྱུར་སྐྱོབ་གྲ་སྒྲིག་བྱ་བ་ལེགས་པོར་སྒྲུབ་པ་དང་། ཁྱོན་ཡོངས་ནས་ཆེད་ལས་དཔུང་ཁག་གི་འཕྲལ་བསྟུན་ཐག་གཅོད་ཆུ་ཚད་མཐོར་འདེགས་སུ་གཏོང་ཆེད། ཉེ་ཆར། མཚོ་སྔོན་མེ་གསོད་མེ་འགོག་སྤྱི་ཁྱབ་རུ་ཁག་གིས་ས་གཤིས་གནོད་འཚེའི་ཆེད་ལས་མྱུར་སྐྱོབ་རུ་ཁག་རྩ་འཛུགས་བྱས་ནས་དགོང་མོའི་དུས་སུ་བརྙན་རིས་བརྒྱུད་དེ་གཅིག་བསྡུས་བྱ་འགུལ་སྤེལ།

འཕྲལ་བསྟུན་མྱུར་སྐྱོབ་བཀོད་འདོམས་སྟོབས་ཤུགས་མ་ལག་འཛུགས་སྐྲུན་ཚད་གཞིའི་བླང་བྱ་དང་“1+N+X”དཔུང་འཛུགས་རུ་ཁག་གི་རྣམ་པ་ལྟར། སྤྱི་ཁྱབ་རུ་ཁག་གིས་མཚོ་ལྷོའི་ཡན་ལག་རུ་ཁག་གི་ས་གཤིས་གནོད་འཚེའི་ཆེད་ལས་རུ་ཁག་དང་ཆེད་ལས་སྡེ་ཁག་འཛུགས་སྐྲུན། སྒྲིག་ཆས་སྡེབ་སྒྲིག འཕྲུལ་ཆས་ཁ་ལོ་བྱེད་སྟངས་བཅས་ལ་ཞིབ་བཤེར་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་དཔུང་ཁག་གིས་དྲོད་གྲངས་དམའ་བའི་ཆ་རྐྱེན་འོག་གི་འཕྲལ་བསྟུན་དང་། དངོས་འཐབ་ཅན་གྱི་གྲ་སྒྲིག་ནུས་ཤུགས་ལ་ཞིབ་བཤེར་བྱས། བྱ་འགུལ་གྱི་གོ་རིམ་ཁྲོད། མཚོ་ལྷོའི་ཡན་ལག་རུ་ཁག་གི་རུ་མི་ཡོངས་ཀྱིས་དྲོད་གྲངས་དམའ་བའི་ཤུགས་རྐྱེན་འོག གོ་རིམ་ལྡན་ཞིང་ཚད་ལྡན་ཡིན་པ། བདེ་འཇགས་འདུ་ཤེས་དྲག་པོ་ལྡན་པའི་སྦྱོང་བརྡར་སྤེལ། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།