མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ངལ་རྩོལ་པ་དབུལ་པོ་ཁྲི17.8ལ་ལས་ཞུགས་བྱེད་རོགས་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་ལ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་ཁུངས་ཀྱིས་དབུལ་ཐར་འགག་སྒྲོལ་གྱི“ཁབ་གསབ་མིག་བྲིས”ཀྱི་ཆེད་དོན་བྱ་སྤྱོད་ལས་དོན་གྱི་སྤྱིའི་བཀོད་སྒྲིག་གཞིར་བཟུང་། བརྟག་དཔྱད་མཐིལ་རྟོགས་དང་རྩལ་ནུས་གསོ་སྦྱོང་། ལས་ཞུགས་ཞབས་ཞུ་སོགས་ཀྱི་བྱེད་ཐབས་བརྒྱུད་ལས་ཞུགས་དབུལ་སྐྱོར་གྱི་ལས་ཀའི་སྲིད་ཇུས་ཁག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ་རེད།  རྒྱལ་ཡོངས་ཀྱི་དབུལ་སྐྱོར་གསར་སྤེལ་ཆ་འཕྲིན་མ་ལག་ལས་མངོན་པ་ལྟར་ན། མིག་སྔའི་བར་མཚོ་སྔོན་ཞིང་ཆེན་གྱི་ངལ་རྩོལ་པ་དབུལ་པོའི་ལས་ཞུགས་གཞི་ཁྱོན་མི་ཁྲི17.8ཟིན་ཡོད།

མཚོ་སྔོན་ཞིང་ཆེན་གྱིས་ལས་ཞུགས་དབུལ་སྐྱོར་ལས་དོན་དེ་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་སྤྱིའི་ལས་འགན་གྱི་སྤྱི་ཡོངས་ཀྱི་བཀོད་སྒྲིག་ནང་བཅུག་ཅིང་། ལས་ཞུགས་དབུལ་སྐྱོར་གྱི་ལས་འགན་གཙོ་བོ་ཁ་གསལ་བཟོས་ནས་ཞིང་ཆེན་ཡོངས་ཀྱིས་དབུལ་ཐར་དུད་ཚང་དང་མཐའ་མཚམས་དུད་ཚང་གི་ངལ་ནུས་གཞན་སྒྱུར་གྱི་ལས་ཞུགས་གནས་ཚུལ་མཐིལ་རྟོགས་དང་གྲལ་བཤེར་བྱས་པ་དང་། ངལ་རྩོལ་པ་དབུལ་པོའི་ལས་ཞུགས་གནས་ཚུལ་གྱི་གསལ་ཐོ་བཟོས་ཤིང་ཕྱིར་བསྐྱོད་འདོད་ཡོད་པའི་མི་སྣའི་རྩིས་ཐོ་བཟོས། ངལ་རྩོལ་པ་དབུལ་པོས་ཕྱི་རུ་ལས་ཞུགས་དང་ལས་ཀ་བྱེད་པའི་གནས་ཚུལ་ལ་བརྟག་དཔྱད་བྱ་བར་ཤུགས་སྣོན་བརྒྱབ་སྟེ་མི་སྣའི་གཞི་གྲངས་ཁ་གསལ་དང་ངལ་རྩོལ་ནུས་པ་ཁ་གསལ། ཕྱིར་བསྐྱོད་ཀྱི་བསམ་འདུན་ཁ་གསལ། ལས་ཞུགས་རྣམ་པ་ཁ་གསལ་བཅས་བྱས། 

སྲིད་ཇུས་དང་ལས་གནས། ཁ་གསབ་དང་གསོ་སྦྱོང་བཅས“སྐྱེལ་བ་བཞིའི”བྱེད་སྒོ་སྤེལ་རྒྱུ་ཁྲིད་སྟོན་དུ་བྱས་ནས“དཔྱིད་རླུང་བྱ་སྤྱོད”དང“ལས་ཞུགས་རོགས་སྐྱོར་ཟླ་བ” “ཉིན་བརྒྱའི་དྲ་ཐོག་ལས་བསྡུས” ཡུལ་སྤོས་ལས་ཞུགས་རོགས་སྐྱོར་སོགས་དྲ་ཐོག་དང་དྲ་ཕྱིའི་ལས་ཞུགས་ཞབས་ཞུ་ཤང་གྲོང་དང་གྲོང་སྡེ་སོགས་སུ་རྒྱ་བསྐྱེད་ནས་ལས་ཞུགས་ལ་རོགས་སྐྱོར་བྱས། ལོ་ཧྲིལ་པོར་རིམ་རྩིས་བྱས་ན་ཆེད་དོན་ཞབས་ཞུའི་བྱེད་སྒོ་སྣ་ཚོགས་ཐེངས300ལྷག་སྤེལ་ནས་ལས་ཞུགས་ཞབས་ཞུ་མཁོ་འདོན་བྱེད་ཚད་མི་ཐེངས་ཁྲི80ཙམ་ཟིན་ཡོད། དེ་དང་ཆབས་ཅིག་ལས་རིགས་རྩལ་ནུས་མཐོར་འདེགས་བྱ་འགུལ་ཤུགས་ཆེན་སྤེལ་ནས་ངལ་རྩོལ་གྱི་ནུས་པ་དང་གསོ་སྦྱོང་གི་དགོས་མཁོ་ཡོད་པའི་ངལ་རྩོལ་པ་དབུལ་པོའི་ངལ་ནུས་གསོ་སྦྱོང་བྱེད་དགོས་རིགས་གང་ཐུབ་ཀྱིས་གསོ་སྦྱོང་བྱས་ཡོད། མིག་སྔའི་བར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་ཁུངས་ཀྱིས་ངལ་རྩོལ་པ་དབུལ་པོ་མི་ཐེངས9502ལ་ངལ་ནུས་གསོ་སྦྱོང་བྱས་ཡོད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།