བདེ་ཆེན་ཁུལ་གྱིས་སྐྱེ་ཁམས་དབུལ་སྐྱོར་ལ་བརྟེན་ནས་མང་ཚོགས་ཕྱུག་སྒྱུར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ། བདེ་ཆེན་ཁུལ་གྱིས་འཕེལ་རྒྱས་ཀྱི་རྣམ་པ་མུ་མཐུད་དུ་གསར་སྐྲུན་བྱས་ཏེ། ཐོན་ལས་སྒྲིག་གཞི་ཇེ་ལེགས་སུ་བཏང་བས། སྐྱེ་ཁམས་དབུལ་སྐྱོར་ལ་ཕན་འབྲས་མངོན་གསལ་ཐོབ།

བདེ་ཆེན་ཁུལ་གྱིས་ཤིང་རིགས་སྣུམ་རྫས་དང་། ནགས་ལས་དཔལ་འབྱོར། ནགས་ཚལ་སྐྱེ་ཁམས་གནས་སྐོར་སོགས་ལྗང་མདོག་དམངས་ཕྱུག་ཐོན་ལས་ཀྱི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཐོན་པ་དང་། ཚུལ་སྒྱུར་རིམ་སྤར། ནགས་འོག་གི་གསོ་སྤེལ་སོགས་སྲོལ་རྒྱུན་ཐོན་ལས་ཀྱི་བདེ་ཐང་འཕེལ་རྒྱས་དང་བརྟན་རླིང་ཡོང་བར་སྐུལ་འདེད་བཏང་། མིག་སྔའི་བར་དུ། བདེ་ཆེན་ཁུལ་གྱིས་བསྡོམས་པས་ཤིང་རིགས་སྣུམ་རྫས་སྤྱི་ཆིང་ཁྲི6.16འདེབས་འཛུགས་བྱས། སྲིད་གཞུང་གི་ཚོང་འགུག་དངུལ་འདྲེན་ལ་བརྟེན་ནས། ནགས་ལས་སྣེ་ཁྲིད་ཁེ་ལས་དང་ནགས་ཞིང་ཆེད་ལས་མཉམ་ལས་ཁང་གི་འཛུགས་སྐྲུན་རིམ་བཞིན་ཚད་གཞི་ཅན་དུ་གྱུར། ཁུལ་ཡོངས་ཀྱི་ནགས་ལས་རྩྭ་ཐང་ཐོན་ལས་ཀྱི་སྤྱིའི་ཐོན་སྐྱེད་རིན་ཐང2015ལོའི་སྒོར་དུང་ཕྱུར11.9977ནས2019ལོའི་སྒོར་དུང་ཕྱུར13.8587བར་ཇེ་མཐོར་སོང་ཡོད། ཐོན་ལས་དང་པོ་དང་གཉིས་བ། གསུམ་པ་བཅས་ཀྱི་བསྡུར་ཚད་དེ2015ལོའི63∶0∶37ནས65∶8∶27བར་འགྱུར་ལྡོག་བྱུང་ནས། ཐོན་ལས་སྒྲིག་གཞི་སྔར་ལས་ཇེ་ལེགས་སུ་སོང་།

བདེ་ཆེན་ཁུལ་གྱིས་ཧུར་ཐག་གིས་མ་དངུལ་བརྩོན་ལེན་བྱས་ཏེ། སྐྱེ་ཁམས་ཕན་འབྲས་ཁ་གསབ་དང་། སྐྱེ་ཁམས་སླར་གསོ་རྣམ་གྲངས། སྐྱེ་ཁམས་ནག་སྲུང་བ་གདན་ཞུ་བྱེད་པ། ནགས་ཚལ་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བྱེད་ཐབས་བརྒྱུད་དེ། ནགས་རྩྭ་ལས་རིགས་ཀྱི་ལེགས་ཆ་དང་མི་མངོན་པའི་ནུས་ཤུགས་འདོན་སྤེལ་བྱས་པར་སྐྱེ་ཁམས་དབུལ་སྐྱོར་གྱི་ཕན་འབྲས་མངོན་གསལ་ཐོབ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ། ཁུལ་ཡོངས་ཀྱིས་ཤིང་རིགས་སྣུམ་རྫས་སྤྱི་ཆིང་ཁྲི1.494གསར་དུ་འདེབས་འཛུགས་བྱས་པར་བརྟེན་ནས་དབུལ་ཕོངས་མང་ཚོགས་ཀྱི་ནགས་སིལ་དཔལ་འབྱོར་ཡོང་སྒོ་ཇེ་མང་དུ་བཏང་། 2020ལོའི་ཟླ11པའི་ཚེས11ཉིན་བར་དུ། བདེ་ཆེན་ཁུལ་གྱིས་སྐྱེ་ཁམས་ནགས་སྲུང་བ16946གདུན་ཞུ་བྱས་ཏེ། ལོ་རེར་ཁྱིམ་ཚང་རེའི་ཆ་སྙོམས་ཀྱི་ཡོང་སྒོ་སྒོར8000ནས10000བར་འཕར་སྣོན་བྱུང་ཡོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།