རྩམ་པ་ལས་སྣོན་བྱས་ཏེ་འབྱོར་ཕྱུག་གི་ལམ་དུ་བསྐྱོད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཁབ་ཀྱི་ས་རྒྱུས་མཚོན་པའི་ཚོང་རྟགས་ཡིན་པའི་ཆ་ནས། སྤུ་ཧྲེང་རྫོང་གི་ནས་འབྲུ་དཀར་པོ་ལ་མཚན་སྙན་ཆེན་པོ་ལྡན། ཉེ་བའི་ལོ་འགའི་རིང་ཏང་དང་སྲིད་གཞུང་གིས་རྒྱབ་སྐྱོར་ཆེན་པོ་བྱས་འོག  བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གིས་ཞི་བདེ་ནས་འབྲུ་ཟས་རིགས་ཚད་ཡོད་ཀུང་ཟི་བཙུགས་པ་དང་། ས་གནས་དེའི་ནས་འབྲུ་ཐོན་ལས་དེ་སྔོན་ཆད་ཀྱི་ཐོན་རྫས་ཐོན་སྐྱེད་དང་ཕྱི་ཚོང་ནས་ད་ལྟའི་ཐོན་སྐྱེད་དང་ལས་སྣོན། སྐྱེལ་འདྲེན། འདོན་སྤྲོད་སོགས་སྣ་མང་ཅན་དུ་གསར་སྤེལ་བྱས་ཐོག  ཐོན་ལས་དྲ་བ་ཇེ་ཡངས་སུ་བཏང་སྟེ་ས་དེའི་མང་ཚོགས་འབྱོར་ཕྱུག་གི་ལམ་དུ་བསྐྱོད་པར་སྐུལ་འདེད་བྱས།   །

1609032002523027.jpg

ཞི་བདེ་ནས་འབྲུ་ཟས་རིགས་ཚད་ཡོད་ཀུང་སིས་ལས་བཟོ་བས་རྩམ་པ་ལས་སྣོན་བྱེད་བཞིན་པའི་ཚུལ་རེད། 

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།