ལིས་ཅེ་ཞང་ཟི་ལིང་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གླིང་དུ་སོང་ནས་བསམ་བློ་ཆབ་སྲིད་སློབ་ཁྲིད་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་ཉེར་གསུམ་ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་གིས་ཟི་ལིང་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གླིང་དུ་བསམ་བློ་ཆབ་སྲིད་སློབ་ཁྲིད་བྱས་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཡིད་ལ་དམ་པོར་འཛིན་པ་དང་། ཕུགས་འདུན་ཡིད་རྟོན་ཇེ་བརྟན་དུ་གཏོང་བ། བློ་རྩ་ཇེ་བརྟན་དུ་གཏོང་བ། རང་སྟེང་གི་ནུས་པ་ཇེ་དྲག་ཏུ་གཏོང་བ། གཙོ་འཛིན་ལ་དགའ་ཞེན་དང་ཏང་ལ་དགའ་ཞེན། མེས་རྒྱལ་ལ་དགའ་ཞེན། མཚོ་སྔོན་ལ་དགའ་ཞེན་བྱེད་པ། ཕུགས་འདུན་ཡོད་པ་དང་ནུས་པ་ལྡན་པ། ཁག་ཁུར་ཡོད་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་འཛུགས་སྐྲུན་མཁན་དང་རྒྱུན་འཛིན་པ་བྱེད་དགོས་ཟེར།

ལིས་ཅེ་ཞང་གིས་ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་རྩ་བའི་ལས་འགན་གཙོར་འཛིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་མངག་བཅོལ་ཟབ་མོར་མྱོང་བ། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་གལ་ཆེན་གྱི་ཕན་འབྲས་དང་མཚོ་སྔོན་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱེད་པ། མཚོ་སྔོན་འཕེལ་རྒྱས་ཀྱི་རྨང་གཞིའི་ཆ་རྐྱེན་དང་དགེ་མཚན་གལ་ཆེན་ལ་ངོས་འཛིན་ཟབ་མོ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཡིད་ལ་དམ་པོར་བཟུང་ནས་གཅེས་བཞི་ཡོད་གསུམ་གྱི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་བྱེད་དགོས་ཞེས་བསྟན་ནས། རྒྱ་ཆེའི་དགེ་སློབ་རྣམས་ལ་གསོན་ཉམས་ལྡན་པའི་བསམ་བློ་ཆབ་སྲིད་སློབ་ཁྲིད་ཞིག་བྱས།

ལིས་ཅེ་ཞང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་དང་བསླབ་བྱ་སློབ་སྦྱོང་དང་རྒྱུས་ལོན་བཟང་བོ་བྱེད་པ་དང་། ཏང་དང་མི་དམངས་ཀྱི་རེ་སྒུག་ཡིད་ལ་དམ་པོར་འཛིན་པ་ནི། སློབ་གྲོགས་ཚོས་སྤྱོད་བཟང་ལ་གོམས་པ་དང་། མི་བཟང་བོ་བྱེད་པ། འཚར་ལོངས་འབྱུང་བ། འཇོན་མི་བྱེད་པའི་བསམ་བློ་ཆབ་སྲིད་སློབ་ཁྲིད་ཡིན་ལ། ཕུགས་འདུན་ཡིད་ཆེས་སྐྱེད་སྲིང་བྱེད་པ་དང་སྤྱི་ཚོགས་ལ་བྱས་རྗེས་འཇོག་པ། མི་ཚེའི་རིན་ཐང་མངོན་འགྱུར་བྱེད་པའི་ངེས་སྦྱོང་སློབ་ཁྲིད་ཡིན། རྒྱ་ཆེའི་དགེ་སློབ་ཚོས་ཏང་གི་དར་དམར་འོག་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། རང་རྟོགས་སྒོས་མི་སྒེར་གྱི་ཕུགས་འདུན་འཚོལ་སྙེག་དེ་རྒྱལ་ཁབ་དང་མི་རིགས་ཀྱི་ལས་དོན་ཁྲོད་འདྲེས་པར་བྱེད་པ། ནམ་ཡང་མེས་རྒྱལ་དང་མི་དམངས་དང་ལས་སྐལ་གཅིག་མཐུན་བྱེད་པ་དང་སྤྱི་ཚོགས་དང་དུས་རབས་དང་མཉམ་དུ་མདུན་སྐྱོད་བྱེད་པ། ཀྲུང་གོའི་ཕུགས་འདུན་གྱིས་ལང་ཚོའི་ཕུགས་འདུན་ཆེར་བསྐྱེད་དགོས། ཚན་རིག་རིག་གནས་ཤེས་བྱ་སློབ་སྦྱོང་བྱེད་པ་དང་། ཁྱོན་ཡོངས་ནས་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱེད་པ། མཚོ་སྔོན་འཛུགས་སྐྲུན་བྱེད་པ་དང་མཚོ་སྔོན་ལ་བྱས་རྗེས་འཇོག་པ། ཀྲུང་གོའི་ཕུགས་འདུན་གྱི་རླབས་ཆེན་ལག་ལེན་མངོན་འགྱུར་བྱེད་པའི་ཁྲོད་མི་ཚེ་ཕུན་སུམ་ཚོགས་པར་བྱེད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཐད་འབད་འཐབ་བྱེད་དགོས་ཟེར།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།