མཚོ་སྔོན་ཞིང་ཆེན་བདེ་འཇགས་ཨུ་ལྷན་གྱིས་མཚོ་བྱང་ཁུལ་ལ་དཔྱད་ཞིབ་སྐོར་ཞིབ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་བདེ་འཇགས་ཐོན་སྐྱེད་དཔྱད་ཞིབ་སྐོར་ཞིབ་ཚོ་ཆུང་བཞི་པའི་མི5ཡིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི2020ལོའི་བདེ་འཇགས་ཐོན་སྐྱེད་དང་མེ་ཟོན་ལས་དོན་ལ་དཔྱད་ཞིབ་སྐོར་ཞིབ་བྱས་པ་རེད། 

དཔྱད་ཞིབ་ཚོ་ཆུང་གིས་སྙན་ཞུ་གསན་པ་དང་ཡུལ་དངོས་ཞིབ་བཤེར།  ཡུལ་དངོས་བརྟག་དཔྱད་ཞིབ་འཇུག བཞུགས་མོལ་བགྲོ་གླེང་སོགས་ཀྱི་བྱེད་ཐབས་སྤྱད་ཡོད་པ་སྟེ། མཚོ་བྱང་ཁུལ་སྲིད་གཞུང་གི2020ལོའི་ཁུལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་མེ་ཟོན་ལས་དོན་སྤེལ་ཚུལ་གྱི་སྙན་ཞུར་གསན་པ་དང་། མཚོ་བྱང་ཁུལ་ཏང་ཨུ་དང་སྲིད་གཞུང་། ལས་རིགས་སོ་སོ་དང་སྡེ་ཁག་སོ་སོའི་མེ་ཟོན་བདེ་འཇགས་འགན་འཁྲི་དོན་འཁྱོལ་དང་མེ་སྐྱོན་སྔོན་འགོག སྤྱི་པའི་མེ་ཟོན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། མེ་ཟོན་དྲིལ་བསྒྲགས་གསོ་སྦྱོང་སོགས་ལས་དོན་གྱི་འབྲེལ་ཡོད་རྩིས་ཁྲ་དང་དཔྱད་ཡིག་ལ་ཀློག་བཤེར་བྱས། 2020ལོར་སྤེལ་བའི་ལོ་གསུམ་གྱི་ཆེད་དོན་ཞིབ་བཤེར་དང་དགུན་དཔྱིད་ཀྱི་མེ་སྐྱོན་སྔོན་འགོག་ཚོད་འཛིན།  མེ་ཟོན་བདེ་འཇགས་ཀྱི་ཆེད་དོན་བཅོས་སྒྲིག་ལས་དོན་བཅས་ལ་ཚད་གཞིར་ཁ་གཏད་ནས་ཞིབ་བཤེར་བྱས། མཚོ་བྱང་ཁུལ་གྱི་རླངས་འཁོར་འབབ་ཚུགས་དང་ཐང་ཧུའུ་གློག་ཤུགས། ཀྲུང་གོ་རྡོ་སྣུམ་མཚོ་བྱང་ཡན་ལག་ཀུང་སི་སོགས་སྡེ་ཁག3ལ་ཡུལ་དངོས་བརྟག་དཔྱད་བྱས་པ་དང་། སྡེ་ཁག་གི་འགན་འཁུར་བ་དང་བཞུགས་མོལ་བྱས་ཏེ་གནད་དོན་ཤེས་རྟོགས་བྱས་པ་དང་ཆབས་ཅིག་སྤྱི་ཚོགས་སྡེ་ཁག་གིས་མེ་ཟོན་བདེ་འཇགས་དོ་དམ་བྱ་ཐབས་འཐུས་ཚང་དུ་གཏོང་རྒྱུར་མཛུབ་ཁྲིད་བྱས་ནས་མེ་ཟོན་བདེ་འཇགས་ཀྱི་ལས་ཀའི་ཆུ་ཚད་མཐོ་རུ་བཏང་། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།