ལིས་ཅེ་ཞང་གིས་ཁེ་ལས་ཆུང་གྲས་ཀྱི་ཡིད་རྟོན་མ་དངུལ་མཉམ་འདྲེས་ཞབས་ཞུའི་སྟེགས་བུའི་འཛུགས་སྐྲུན་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས21ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་གིས་མཚོ་སྔོན་ཞིང་ཆེན་ཁེ་ལས་ཆུང་གྲས་ཀྱི་ཡིད་རྟོན་མ་དངུལ་མཉམ་འདྲེས་ཀྱི་ཞབས་ཞུའི་སྟེགས་བུ་འཛུགས་སྐྲུན་བྱ་བར་རྟོག་ཞིབ་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱེད་པ་དང་། ཁྱོན་ཡོངས་ནས་ཏང་ཀྲུང་དབྱང་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགན་སྲུང་དྲུག་དང་གཏན་འཇགས་དྲུག་གི་སྲིད་ཇུས་བྱེད་ཐབས་དང་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ལག་ལེན་དོན་འཁྱོལ་བྱེད་པ། མ་དངུལ་མཉམ་འདྲེས་ཀྱི་ཞབས་ཞུ་སྟེགས་བུ་གསར་གཏོད་བྱས་ནས། མ་དངུལ་མཉམ་འདྲེས་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྲུན་བྱས་ཏེ། ཁེ་ལས་ཆུང་གྲས་ཀྱི་མ་དངུལ་མཉམ་འདྲེས་བྱེད་དཀའ་བ་དང་། མཉམ་འདྲེས་རིན་གོང་མཐོ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་ཞེས་བསྟན། 

ལིས་ཅེ་ཞང་གིས་ཡུལ་དངོས་ནས་མཚོ་སྔོན་ཡིད་རྟོན་མ་དངུལ་མཉམ་འདྲེས་སྟེགས་བུར་བལྟས་པ་དང་། བཞུགས་མོལ་ཚོགས་འདུར་འགོ་འཛིན་བྱས་ནས་ཕྱོགས་སོ་སོའི་བསམ་འཆར་ལ་ཉན་པའི་ཚོགས་འདུ་བསྡུས། ཁོས་བསྟན་དོན། མཚོ་སྔོན་ཡིད་རྟོན་མ་དངུལ་མཉམ་འདྲེས་སྟེགས་བུ་འཛུགས་སྐྲུན་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཐུགས་ཁུར་ལག་བསྟར་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར། དེ་མིན་རིམ་པ་སོ་སོའི་སྲིད་གཞུང་གི་ཞབས་ཞུའི་ཕན་ནུས་མཐོར་འདེགས། དངུལ་རྩའི་རྒྱབ་སྐྱོར་དང་དངོས་ཕུང་དཔལ་འབྱོར་གཞི་གཅིག་ཏུ་བྱེད་པ་ཤུགས་དྲག་ཏུ་གཏོང་བ་དང་། དངུལ་རྩའི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་དངུལ་རྩའི་ཞབས་ཞུའི་ཁོར་ཡུག་ལེགས་བཅོས། དངུལ་རྩའི་སྐྱེ་ཁམས་ལེགས་པོ་གསར་སྐྲུན་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཞེས་བསྟན།།

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།