ཆུ་དམར་ལེབ་རྫོང་དུ་རྒྱལ་ཁབ་རིམ་གཉིས་སྲུང་སྐྱོང་སྲོག་ཆགས་ཤྭ་རྒྱ་མཐོང་བ།

f59aa834-4a66-4b91-a991-ffc7bdee56a9.tif.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས22ཉིན་གསར་འགོད་པས་རྨ་འབྲི་རྫ་གསུམ་རྒྱལ་ཁབ་འབྲི་ཆུའི་འགོ་ཁུངས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་སྐྱེ་ཁམས་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་དོ་དམ་ཅུའུ་ནས་ཤེས་གསལ་ལྟར་ན། ཟླ12པའི་ཚེས22ཉིན་ཆུ་དམར་ལེབ་རྫོང་བདེ་ཆུ་སྡེ་བའི་ནགས་སྲུང་བ་བསྟན་འཛིན་རྡོ་རྗེ་ཡིས་ཤར་རི་དགོན་པའི་ཉེ་འགྲན་དུ་དམར་ཕྱིའི་པར་ཆས་ཀྱི་གཞི་གྲངས་ལེན་སྐབས། ལུས་ནག་པོ་ཡིན་པའི་སྲོག་ཆགས་ཞིག་གིས་རྩྭ་ཟ་བཞིན་ཡོད་པ་མཐོང་ཞིང་། པར་རིས་དང་བརྙན་ཕབ་བརྒྱུད་ལུས་ནག་པོ་ཡིན་པའི་སྲོག་ཆགས་འདི་ཤྭ་རྒྱ་ཡིན་པར་གཏན་ཁེལ་བྱས། 

ཤྭ་རྒྱ་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་ཡིན་པ་དང་། ས་བབ་སྨི1000དང་སྨི4400ལྷག་ལྡན་པའི་ནགས་ཚལ་དང་བྲག་རི་ཁྲོད་ནས་འཚོ་སྡོད་བྱས་ཡོད། དགུན་ཁར་ནགས་ཚལ་ནང་དུ་འཚོ་སྡོད་བྱས་ཡོད་པ་དང་དབྱར་ཁའི་དུས་སུ་ས་བབ་མཐོ་བའི་བྲག་རི་ནང་སྤར་ཡོད། 

རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་གི་ལམ་ལུགས་ཚོད་ལྟ་བྱེད་འགོ་བརྩམས་པ་ནས་བཟུང་། རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་དང་ལྗང་མདོག་གཙང་བོ་སོགས་རིམ་པ་སོ་སོའི་རྩ་འཛུགས་ཀྱིས་རྒྱབ་སྐྱོར་ཆེན་པོ་བྱས་འོག ཆུ་དམར་ལེབ་རྫོང་གིས་སྐྱེ་ཁམས་སྲུང་སྐྱོང་པ5120ལམི་སྣ་གཅིག་གིས་འགན་མང་པོ་ཁུར་བ་དང་། མི་སྣ་གཅིག་གིས་ནུས་ཤུགས་མང་པོ་འདོན་པ། མི་སྣ་གཅིག་གིས་ལག་རྩལ་མང་པོ་ཤེས་པ”གཙོ་བྱས་ཏེ་གསོ་སྐྱོང་བྱས། མིག་སྔར་འབྲི་ཆུ་འགོ་ཁུངས་དུ་བརྟག་ཞིབ་བྱས་པར་ཀྲུང་ཧྭའི་ཤྭ་རྒྱ་དང་ཕག་རྒོད་སོགས་གནས་འདི་ནས་འཚོ་སྡོད་བྱས་ཡོད་པ་མཐོང་ཞིང་། འདིས་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་ལས་བླངས་བའི་གྲུབ་འབྲས་མཚོན་ཐུབ་ལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་བཟང་དུ་འགྲོ་བཞིན་པ་ཡང་མཚོན་ཡོད་པ་རེད།   །  

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།