ལོ་རེར་ཐོན་ཚད་ཏུན་ཁྲི16ཅན་གྱི་ལིའི་གློག་རྒྱུ་ཆ་ལས་བསྣོན་རྟེན་གཞི་ཟི་ལིང་དུ་བཙུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས22ཉིན། མཚོ་སྔོན་ཐའེ་ཧྥིན་ལིའི་ནུས་ཤུགས་ཚན་རྩལ་ཚད་ཡོད་ཀུང་སིའི་ལོ་རེར་ཐོན་ཚད་ཏུན་ཁྲི16ཅན་གྱི་ལིའི་གློག་རྒྱུ་ཆའི་ལས་བསྣོན་ལས་གཞིའི་མིང་རྟགས་འགོད་པའི་མཛད་སྒོ་ཟི་ལིང་དུ་བསྡུས། ལས་གཞི་བདེ་བླག་ངང་མིང་རྟགས་བཀོད་པ་དེས་མཚོ་སྔོན་གྱི་སྒོར་དུང་ཕྱུར་ཅན་གྱི་ལིའི་གློག་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་པར་རྨང་གཞི་སྔར་བས་བརྟན་པོ་བཏིངས།

ཤེས་གསལ་བྱུང་བ་ལྟར་ན། ལས་གཞི་དེར་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར30བཏང་བ་དང་། ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ནན་ཁྲོན་བཟོ་ལས་གླིང་ཁུལ་དུ་ཡོད་ཅིང་། དུས་སྐབས་དང་པོའི་འཛུགས་སྐྲུན་ནི་ལོ་རེར་ཐོན་ཚད་ཏུན་ཁྲི16ཡིན་པའི་ལིའི་གློག་རིག་ནུས་ལས་སྣོན་རྟེན་གཞི་ཡིན་ཞིང་། ལས་གཞི་འཛུགས་སྐྲུན་ལེགས་འགྲུབ་བྱུང་ནས་ཐོན་སྐྱེད་བྱས་རྗེས། སྔོན་དཔག་བྱས་ན་ལོ་རེར་ཐོན་ཚད་སྒོར་དུང་ཕྱུར200མངོན་འགྱུར་བྱེད་པ་དང་། ལོ་རེའི་ཁྲལ་བསྡུའི་ཡོང་སྒོ་སྒོར་དུང་ཕྱུར5ལ་སླེབས་རྒྱུ་རེད། ལས་གཞི་དེ་སང་ལོའི་དཔྱིད་ཀ་ནས་བཟུང་འཛུགས་སྐྲུན་བྱེད་རྒྱུ་ཡིན་ལ། ལོ་མཇུག་ཏུ་ཚོད་ལྟ་བྱས་ནས་2022ལོའི་དུས་ཚིགས་དང་པོར་དངོས་སུ་སྤྱོད་འགོ་རྩོམ་རྒྱུ་རེད། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།