མཚོ་སྔོན་ཞིང་ཆེན་གྱི་ཕྱིར་གཏོང་ཐོན་སྐྱེད་ས་གནས་འཛིན་ཡིག་དེ་རིག་ནུས་ཅན་གྱི་དུས་རབས་སུ་བསྐྱོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་གཉིས་ཀྱིས་རྒྱལ་སྤྱིའི་ཉོ་ཚོང་སྒེའུ་ཁུང་ཆིག་རྐྱང་ནས་སོ་སོར་ཟི་ལིང་སྒོ་ཁྲལ་ལས་ཁུངས་སུ་གཏོགས་པའི་ནུབ་མཚོ་སྒོ་ཁྲལ་ལས་ཁུངས་དང་ན་གོར་མོ་སྒོ་ཁྲལ་ལས་ཁུངས་ལ་ཕྱིར་གཏོང་ཐོན་སྐྱེད་ས་གནས་ཀྱི་ཐོན་རྫས་འཛིན་ཡིག་རེ་ཞུ་བྱས་པ་དང་། འཛིན་ཡིག་དེ་གཉིས་ལ་རིག་ནུས་ཞིབ་བཤེར་གྱི་གཏན་འཁེལ་ལྟར་ཞིབ་བཤེར་བྱས་ཤིང་། དེས་མཚོ་སྔོན་གྱི་ཕྱིར་གཏོང་ཐོན་སྐྱེད་ས་གནས་ཀྱི་འཛིན་ཡིག་དེ་དངོས་སུ་རིག་ནུས་ཅན་གྱི་དུས་རབས་སུ་བསྐྱོད་པ་མཚོན། 

ཐོན་སྐྱེད་ས་གནས་འཛིན་ཡིག་གི་རིག་ནུས་ཞིབ་བཤེར་ནི་ཉེན་ཁ་དབྱེ་ཞིབ་ཀྱི་རྨང་གཞིའི་སྟེང་། རྒྱལ་ཡོངས་ཐོན་སྐྱེད་ས་གནས་ཀྱི་འཛིན་ཡིག་གཞི་གྲངས་ཆེན་མོ་བེད་སྤྱད་དེ། ཁེ་ལས་ཀྱིས་ཐོན་སྐྱེད་ས་གནས་འཛིན་ཡིག་རེ་ཞུའི་གཞི་གྲངས་དེ་ཞིབ་བཤེར་གྱི་གཏན་འཁེལ་དང་ཉེན་ཁའི་ཚོད་འཛིན་སོགས་ཀྱི་གྲངས་ཀ་ལྟར་ཞིབ་བཤེར་ཆོག་མཆན་དང་། ཕྱིར་སྤྲོད་བཟོ་བཅོས། དེ་མིན་མིས་ཞིབ་བཤེར་སོགས་བྱས་རྗེས་ཁེ་ལས་ལ་ལན་སློག་དགོས། འཛིན་ཡིག་དེ་ནི་རང་རྒྱལ་ཕྱིར་གཏོང་ཁེ་ལས་ཀྱིས་རྒྱལ་སྤྱིའི་ཚོང་རའི་སྟེང་ཁྲལ་བསྡུ་ཉུང་དུ་གཏོང་བ་དང་དམིགས་བསལ་ཁེ་ཕན་མྱོང་ཐུབ་པའི་བདེན་དཔང་གལ་ཆེན་ཞིག་ཡིན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།