མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་སྤྱི་ཚོགས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་ཡན་ལག་ཏང་ཙུའུ་དང་ཀྲུའུ་རེན་(རྒྱ་བསྐྱེད)གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་སྤྱི་ཚོགས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་ཡན་ལག་ཏང་ཙའུ་དང་ཀྲུའུ་རེན(རྒྱ་བསྐྱེད)གྲོས་ཚོགས་བསྡུས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཧའེ་དབྱིན་གྲོས་ཚོགས་ལ་ཞུགས་པ་མ་ཟད་འབྲེལ་ཡོད་གཏམ་བཤད་གནང་ཞིང་། ཞིང་ཆེན་སྲིད་གྲོས་ཀྱི་སྤྱི་ཚོགས་དང་ཁྲིམ་ལུགས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཁག་ཅིག་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན་གྲོས་ཚོགས་ལ་ཞུགས། 

གྲོས་ཚོགས་སྟེང་སྐབས་བཅུ་དགུ་བའི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱས་ཏེ། 《ཞིང་ཆེན་སྲིད་གྲོས་ཀྱི་སྤྱི་ཚོགས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི2020ལོའི་བྱ་བའི་སྤྱི་བསྡོམས་དང2021ལོའི་བྱ་བའི་འཆར་གཞིར》གྲོས་ཞིབ་བྱས་པ་བརྒྱུད། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཁོངས་མིས་ཏང་ཡོན་རྒྱུན་ལས་ཨུ་ཡོན་གྱིས་འགན་འཁྲི་སྒྲུབ་པར་དཔྱད་བརྗོད་སྤེལ་བ་དང་། ཨུ་ཡོན་ཁག་ཅིག་གིས་གྲོས་ཚོགས་ཀྱི་དགོངས་དོན་དང་འགན་འཁྲི་སྒྲུབ་པའི་སྐོར་གྱི་གནས་ཚུལ་སྐོར་ལ་བསམ་བློ་བརྗེ་རེས་བྱས། 

མཱ་ཧའེ་དབྱིན་གྱིས2020ལོ་ནི་ཞིང་ཆེན་སྲིད་གྲོས་ཀྱི་སྤྱི་ཚོགས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཚོགས་ཀྱི་ཕྱོགས་ཡོངས་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་བཀོད་སྒྲིག་དོན་ཚན་དག་དོན་འཁྱོལ་དང་། ཆེད་དོན་ཨུ་ཡོན་ལྷན་ཚོགས་ཀྱི་རྨང་གཞིའི་རང་བཞིན་དང་ཨུ་ཡོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཆེད་དུ་གྲོས་མོལ་མཐུན་ཚོགས་ལས་ཁུངས་ཀྱི་ནུས་པ་གོམ་གང་མདུན་སྤོས་ཀྱིས་འདོན་སྤེལ་དང་། ཨུ་ཡོན་གྱི་འགན་འཁུར་གྱི་འདུ་ཤེས་སྔར་ལས་མཐོར་འདེགས། སྤུས་ཚད་དང་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཅས་བྱས་ནས། བྱ་བའི་དོན་ཚན་ཁག་ལ་གྲུབ་འབྲས་གསར་བ་བླངས་ཡོད་ཞེས་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།