ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་གྱི་ཆེད་དོན་བྱ་འགུལ9ཡིས་ལས་གནས14000ལྷག་མཁོ་འདོན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ད་ལོའི་རིང་ལ། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་གྱིས་འབྲེལ་ཡོད་དྲ་རྒྱ་དང་མཉམ་འབྲེལ་སྒོས་དྲ་རྒྱའི་མི་སྣ་གདན་ཞུ་ཆེད་དོན་བྱ་འགུལ་གྱི་དམངས་གཉེར་ཁེ་ལས་ཀྱི་གདལ་ཞུ་གཟའ་འཁོར་སོགས་སྤྱི་བའི་ལས་ཞུགས་དང་འཇོན་མིའི་ཞབས་ཞུའི་ཆེད་དོན་བྱ་འགུལ་ཐེངས9ལ་སྤེལ་པ་དང་། ད་ལྟའི་བར་དུ། ཁྱོན་བསྡོམས་ཁེ་ལས699གདན་ཞུ་བྱ་འགུལ་ཁྲོད་ཞུགས་ཤིང་། ལས་གནས14598མཁོ་འདོན་བྱས་ལ། ལས་རྐང་རེ་ཞུའི་མི་ཐེངས5377ཡོད་པ་རེད། 

ཤེས་གསལ་བྱུང་བ་ལྟར་ན། མཁར་ནུབ་ཁུལ་གྱིས་གྲོང་རྡལ་དང་གཞིས་ཁུལ་རེ་བྱས་ནས་ཕྱིར་ཞོར་ལས་སུ་འགྲོ་འདོད་མཁན་གྱི་ཞིང་བའི་བརྡ་འཕྲིན་ལ་ཁྱོན་ཡོངས་ནས་རྒྱུས་ལོན་བྱས་ཏེ། ཆེད་དོན་ལས་སྒྲུབ་མི་སྣ་གཏན་འཁེལ་བྱས་ནས་ཞིང་བ་ལས་བཟོ་བའི་ཕྱིར་ལས་གནས་སུ་ལོག་པའི་བརྡ་འཕྲིན་བསྡུ་སྒྲིག་བྱ་བ་ལེགས་པོར་སྒྲུབ་པ་དང་། རྗེས་སྙེག་རྩད་འདྲི་དང་བརྡ་འཕྲིན་སྲུང་སྐྱོང་སོགས་ཀྱི་བྱ་བ་སྒྲུབ་ཏེ། དུས་ཐོག་ཏུ་ངལ་རྩོལ་འགན་སྲུང་དང་རིམས་ནད་འགོག་བཅོས་ཚོད་འཛིན། ལས་སྐྲུན་བསྐྱར་སྐྲུན་བཅས་དུས་མཉམ་དུ་སྐུལ་འདེད་བཏང་། ད་ལྟའི་བར་དུ། ཞིང་སྡེའི་ངལ་རྩོལ་ནུས་ཤུགས་གནས་སྤོར་ལས་ཞུགས་མི་གྲངས2011ལ་རྩ་འཛུགས་སྣེ་ཁྲིད་བྱས་པ་དང་། ཞིང་སྡེའི་ངལ་རྩོལ་ནུས་ཤུགས་གནས་སྤོར་ཡོང་སྒོ་སྒོར་ཁྲི1211ལ་སླེབས་པ་དང་། ས་ཞིང་ཤོར་བའི་ཞིང་བ་ལས་གཏོད་པ་མི4ལ་སྒོར་ཁྲི2ཡི་ཁ་གསབ་བྱིན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།