མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ8དུ་བརྟན་ནོར་ཐོ་འགོད་དྲ་སྟེང་ནས་ལས་སྒྲུབ་བྱེད་པ་མངོན་འགྱུར་བྱུང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས7ཉིན། མཚོ་སྔོན་ཞིང་ཆེན་གྱི་དྲ་རྒྱ་དང་བརྟན་ནོར་ཐོ་འགོད་སྟེགས་བུ་དངོས་སུ་དྲ་བའི་སྟེང་ནས་བེད་སྤྱོད་བྱེད་འགོ་བརྩམས་ཤིང་། སྟེགས་བུ་དེ་དངུལ་སྤྲོད་འབོ་དང་མཉམ་འབྲེལ་བྱས་ཤིང་། དངུལ་སྤྲོད་འབོའི་གྲོང་ཁྱེར་སྡོད་དམངས་ལྟེ་གནས་གོ་རིམ་ཆུང་བའི་ནང་དུ་བཅུག་ཡོད། དེ་བས། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ8དང་རྫོང13ལས་གཞན་པར་བརྟན་ནོར་ཐོ་འགོད་དྲ་བའི་སྟེང་ནས་ལས་སྒྲུབ་དང་། ཡུལ་གཞན་དུ་ལས་སྒྲུབ། ཁ་པར་སྟེང་ནས་ལས་སྒྲུབ་བྱེད་པ་མངོན་འགྱུར་བྱུང་ཞིང་། དེས་ལས་སྒྲུབ་ཀྱི་རྒྱུ་ཆ་ཉུང་དུ་བཏང་བའི་རྨང་གཞིའི་སྟེང་། བརྟན་ནོར་ཐོ་འགོད་ལས་སྒྲུབ་ཀྱི་དུས་ཡུན་ཇེ་ཐུང་དུ་བཏང་ཡོད། 

རྒྱུས་ལོན་པ་ལྟར་ན། དབང་ཆའི་བདག་པོའི་རྒྱུ་ནོར་དང་སྒེར་གྱི་གསང་བའི་བདེ་འཇགས་ལ་ཁག་ཐེག་བྱེད་ཆེད། དངུལ་སྤྲོད་འབོ་མཁོ་འདོན་བྱེད་མཁན་གྱིས་ངོ་གདོང་ངོས་འཛིན་དང་ཐོབ་ཐང་ཞིབ་བཤེར་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་རྫོང45ཡི་ཁྲོད་ཀྱི་གྲོང་ཁྱེར་དང་རྫོང24ཚང་མ་ཞིང་ཆེན་རིམ་པའི་དྲ་རྒྱ་དང་བརྟན་ནོར་ཐོ་འགོད་སྟེགས་བུར་མཐུད་སྦྲེལ་བྱས་ཡོད་ཅིང་། ལས་གཉེར་ཚོད་ལྟ་བྱེད་བཞིན་པའི་སྒང་ཡིན། 

བསྡོམས་རྩིས་བྱས་ན། ཟླ12པའི་ཚེས10བར་དུ། ཟི་ལིང་གྲོང་ཁྱེར་ཁྱབ་ཁོངས་དང་མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུས་དང་། ཕིན་ཨན་ཆུས། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར། ན་གོར་མོ་གྲོང་ཁྱེར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར། གཅན་ཚ་རྫོང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་སོགས་གྲོང་ཁྱེར་དང་རྫོང21གིས་མཚོ་སྔོན་ཞིང་ཆེན་བརྟན་ནོར་ཐོ་འགོད་སྟེགས་བུའི་དངུལ་སྤྲོད་འབོའི་གོ་རིམ་ཆུང་བའི་ནང་སྔོན་ལ་ཐོ་འགོད་དང་། གཏའ་འཇོག་ཐོ་འགོད། དེ་མིན་ཐོག་མའི་བརྟན་ནོར་གཏའ་འཇོག་ཐོ་འགོད་སོགས་ཀྱི་བྱ་བ་དག་དྲ་སྟེང་དང་་ས་གནས་གཞན་དུ་ལས་སྒྲུབ་བྱེད་པ་མངོན་འགྱུར་བྱུང་། ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།