ཞིན་ཁྲང་ཞིང་གིས་མཚོ་སྔོན་གྱི་འབྲི་ཆུའི་འབབ་རྒྱུད་དུ་འཛིན་རྙབ་བཀག་འགོག་བྱེད་པའི་ལས་དོན་སྐུལ་འདེད་ཚོགས་འདུའི་སྟེང་གསུང་བཤད་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12ཚེས22ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲི་ཆུར་འཛིན་རྙབ་བཀག་འགོག་བྱེད་པའི་ལས་དོན་སྐུལ་འདེད་ཚོགས་འདུ་བརྙན་འཕྲིན་ཁ་པར་ལམ་ནས་འཚོགས་པ་མཇུག་བསྒྲིལ་རྗེས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་དེ་མ་ཐག་མཚོ་སྔོན་གྱི་འབྲི་ཆུའི་འབབ་རྒྱུད་དུ་འཛིན་རྙབ་བཀག་འགོག་བྱེད་པའི་ལས་དོན་སྐུལ་འདེད་ཚོགས་འདུ་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་ཚོགས་འདུར་ཕེབས་ཏེ་གསུང་བཤད་གནང་། ཁོང་གིས་གསུང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲི་ཆུར་འཛིན་རྙབ་བཀག་འགོག་བྱེད་པའི་སྐོར་གྱི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བརྙན་འཕྲིན་ཁ་པར་ཚོགས་འདུའི་བཀོད་སྒྲིག་བླང་བྱ་ལྟར། ཡུན་རིང་གི་ཕན་འབྲས་ལ་དམིགས་ནས་དུས་རྟག་ཏུ་སྟོབས་ཤུགས་ཕུལ་ཏེ་སྤུས་ཚད་མཐོ་བའི་སྒོ་ནས་མཚོ་སྔོན་གྱི་འབྲི་ཆུའི་འབབ་རྒྱུད་དུ་འཛིན་རྙབ་བཀག་འགོག་བྱེད་པའི་ལས་དོན་ལེགས་པོར་སྒྲུབ་པ་དང་། ཆུ་མགོའི་འགན་འཁྲི་དངོས་སུ་ཁུར་ནས། འབྲི་ཆུའི་སྲུང་སྐྱོང་ཆེན་མོ་དངོས་འབེབས་ཐུབ་པ་དང་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བྱེད་ཆེད་མཚོ་སྔོན་གྱིས་བྱས་རྗེས་འཇོག་དགོས་ཞེས་གསུངས། 

ཞིན་ཁྲང་ཞིང་གིས་ནན་གསུང་གནང་དོན། མིག་སྔར། འབྲི་ཆུར་འཛིན་རྙབ་བཀག་འགོག་བྱེད་པ་དེ་འགག་སྒྲོལ་འཐབ་འཛིང་ནས་ལོ་བཅུའི་ཡུན་རིང་འཐབ་འཛིང་དུ་རིམ་བརྒལ་བྱུང་བས། ཡུན་ཕན་སྒྲིག་གཞི་འཐུས་ཚང་འབྱུང་བའི་སྟེང་ཡུན་རིང་གི་ཕན་འབྲས་ལ་དམིགས་ནས་དུས་རྟག་ཏུ་སྟོབས་ཤུགས་ཕུལ་ཏེ། གཙོ་ཁྲིད་འགན་འཁྲི་ཁ་གསལ་བཟོ་བ་དང་། སྡེ་ཁག་སོ་སོས་མཉམ་འབྲེལ་སྒོས་ཁྲིམས་བསྟར་ཇེ་དྲག་ཏུ་གཏོང་བ། དཔྱད་ཞིབ་མ་ལག་འཐུས་ཚང་བཟོས་ནས། འཛིན་རྙབ་བཀག་འགོག་བྱེད་པའི་ཁྲིམས་བསྟར་ལྟ་སྐུལ་དོ་དམ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་འགྲོ་བར་སྐུལ་འདེད་གཏོང་དགོས། བཅོས་སྐྱོང་ཕན་འབྲས་སྲ་བརྟན་འབྱུང་བའི་སྟེང་ཡུན་རིང་གི་ཕན་འབྲས་ལ་དམིགས་ནས་དུས་རྟག་ཏུ་སྟོབས་ཤུགས་ཕུལ་ཏེ། ཕྱོགས་ཡོངས་ནས་ཁྲིམས་འགལ་ཉ་འཛིན་དང་འབྲི་ཆུའི་ཉ་རིགས་ཉོ་ཚོང་འགོག་པའི་ཆེད་དོན་བཅོས་སྐྱོང་འགུལ་སྐྱོད་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་ནས། འབྲི་ཆུར་ཉ་མི་འཛིན་པ་དང་། ཚོང་རར་ཉ་མི་འཚོང་བ། ཟ་ཁང་གིས་ཉ་ཟས་མི་ལས་པ། མང་ཚོགས་ཀྱིས་ཉ་ཤ་མི་ཟ་བ་སྒྲུབ་ཐུབ་པར་བྱེད་དགོས། དྲིལ་སྒྲོག་སློབ་གསོ་གཏིང་ཟབ་སྤེལ་བའི་སྟེང་ཡུན་རིང་གི་ཕན་འབྲས་ལ་དམིགས་ནས་དུས་རྟག་ཏུ་སྟོབས་ཤུགས་ཕུལ་ཏེ། འཛིན་རྙབ་བཀག་འགོག་བྱེད་པའི་དྲིལ་སྒྲོག་བྱེད་སྒོའི“བསྐྱོད་པ་བདུན”གཏིང་ཟབ་ཏུ་སྤེལ་བ་དང་། ཁྲིམས་འགལ་ཉ་འཛིན་གྱི་གྱོད་གཞི་དམར་འདོན་བྱས་ཏེ། འཛིན་རྙབ་བཀག་འགོག་བྱེད་པའི་སྤྱི་ཚོགས་ཁོར་ཡུག་ལེགས་པོ་བསྐྲུན་དགོས། དམངས་འགོག་དམངས་བཅོས་སྤེལ་བའི་སྟེང་ཡུན་རིང་གི་ཕན་འབྲས་ལ་དམིགས་ནས་དུས་རྟག་ཏུ་སྟོབས་ཤུགས་ཕུལ་ཏེ། “ཉ་སྲུང་པའི”རུ་ཁག་སྒྲིག་འཛུགས་བྱེད་པ་དང་། ཞུ་གཏུག་ལ་བྱ་དགའ་གནང་བའི་ལམ་སྲོལ་བཙུགས་ཏེ།  འབྲི་ཆུའི་རྒྱུད་ཀྱི་མང་ཚོགས་ཀྱིས་ཉ་འཛིན་དང་འབྲེལ་བའི་ཁྲིམས་འགལ་བྱ་སྤྱོད་ཞུ་གཏུག་བྱེད་པར་གཟེངས་བསྟོད་དང་སྐུལ་མ་གནང་དགོས། ཁྲིམས་བསྟར་སྟོབས་ཤུགས་ཇེ་དྲག་ཏུ་གཏོང་བའི་སྟེང་ཡུན་རིང་གི་ཕན་འབྲས་ལ་དམིགས་ནས་དུས་རྟག་ཏུ་སྟོབས་ཤུགས་ཕུལ་ཏེ། འོས་འཚམ་སྒོས་དེང་རབས་ཅན་གྱི་ཉ་ལས་དོ་དམ་ཁྲིམས་བསྟར་སྒྲིག་ཆས་འཇོག་པ་དང་། དེང་རབས་ཆ་འཕྲིན་ཅན་གྱི་སྟེགས་བུ་བཙུགས་ནས། ཁྲིམས་བསྟར་ལྟ་སྐུལ་དོ་དམ་ཕན་འབྲས་ཇེ་དྲག་ཏུ་གཏོང་དགོས། ཆུ་གནས་སྐྱེ་དངོས་སྲུང་སྐྱོང་གཙིགས་སུ་འཛིན་པའི་སྟེང་ཡུན་རིང་གི་ཕན་འབྲས་ལ་དམིགས་ནས་དུས་རྟག་ཏུ་སྟོབས་ཤུགས་ཕུལ་ཏེ། འབྲི་ཆུའི་སྐྱེ་དངོས་ཁྱུ་ཚོགས་རིམ་བཞིན་རྒྱུད་སྤེལ་ཏེ་ཇེ་མང་དུ་འགྲོ་བར་འབད་པ་དང་། ནུས་ལྡན་སྒོས་འབྲི་ཆུ་འབྱུང་ཡུལ་གྱི་ཆུ་གནས་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་དགོས་ཞེས་གསུངས། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།