“ལོ་ལྔ་འཆར་གཞི་བཅུ་བཞི་པའི”འཆར་འགོད་དང2035ལོའི་རྒྱང་རིང་དམིགས་ཚད་མངོན་འགྱུར་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།

མཱ་ཅི་ཞའོ་ཡིས་ཞིང་ཆེན་རིམ་པའི་མང་ཚོགས་ཚོགས་པའི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་བགྲོ་གླེང་ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། རང་སོ་སོའི་འབྲེལ་ཡོད་མང་ཚོགས་རྣམས་ཏང་གི་མཐའ་འཁོར་དུ་དམ་པོར་བསྒྲིལ་ནས“ལོ་ལྔ་འཆར་གཞི་བཅུ་བཞི་པའི”འཆར་འགོད་དང2035ལོའི་རྒྱང་རིང་དམིགས་ཚད་མངོན་འགྱུར་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།  

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞའོ་ཡིས་ཞིང་ཆེན་རིམ་པའི་མང་ཚོགས་ཚོགས་པའི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གྱི་བགྲོ་གླེང་ཚོགས་འདུར་གཙོ་སྐྱོང་གནང་བ་རེད། ཚོགས་འདུས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་དང་ཞིང་ཆེན་ཡོངས་ཀྱི་དོ་དམ་ལས་བྱེད་པར་ཉེན་བརྡ་གཏོང་བའི་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། 

མཱ་ཅི་ཤའོ་ཡིས་ནན་གྱིས་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་སློབ་སྦྱོང་ཡག་པོ་བྱ་རྒྱུ་ནི་ཆབ་སྲིད་ཀྱི་ལས་འགན་ཞིག་ཡིན་ལ་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་ལས་ཀའི་ཁ་ཕྱོགས་དམ་འཛིན་དང་ལས་ཀའི་དམིགས་ཚད་ཁ་གསལ། ལས་ཀའི་བྱེད་ཐབས་འཚོལ་ཞིབ་ཡང་དག་བཅས་བྱེད་པའི་དངོས་ཡོད་ཀྱི་དགོས་མཁོ་ཞིག་ཀྱང་རེད།  དངོས་གནས་སློབ་སྦྱོང་དང་ཤེས་རྟོགས། ཡིད་ཆེས་བཅས་ཀྱིས་འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་བཏང་སྟེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་རྒྱལ་ཁ་གསར་པ་ལེན་ཆེད་བསམ་པའི་སྟོབས་ཤུགས་འབུལ་དགོས།  །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།