ཡུལ་ཤུལ་གྱིས་བུ་བཙའ་དང་བྱིས་པའི་ཆེད་ཚན་མནའ་འབྲེལ་གྱི་བུ་བཙའི་རོགས་འདེགས་གསོ་སྦྱོང་འཛིན་གྲྭ་སྐབས་དང་པོ་གཉེར་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བུ་བཙའ་དང་བྱིས་པའི་ཚན་ཁག་གི་ཆེད་ཚན་མནའ་འབྲེལ་འཛུགས་སྐྱོང་གཏིང་ཟབ་ཏུ་བཏང་སྟེ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ཉེན་ཚབས་ཆེ་བའི་སྦྲུམ་མའི་སྐྱོབ་བཅོས་ཀྱི་ནུས་པ་ཆེ་རུ་གཏོང་ཆེད། ཉེ་ཆར་ཡུལ་ཤུལ་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གཙོ་གཉེར་བྱས་པའི་ཡུལ་ཤུལ་ཁུལ་གྱི་བུ་བཙའ་དང་བྱིས་པའི་ཆེད་ཚན་བུ་བཙའ་རོགས་འདེགས་གསོ་སྦྱོང་འཛིན་གྲྭ་སྐབས་དང་པོ་དེ་ཡུལ་ཤུལ་གྲོང་ཁྱེར་དུ་གཉེར་བ་རེད། 

ཐེངས་འདིའི་གསོ་སྦྱོང་ནང་དོན་དེ་པེ་ཅིང་གི་བུ་བཙའི་རོགས་འདེགས་གསོ་སྦྱོང་གི་ནང་དོན་ལ་གཞིགས་ཤིང་། ཡུལ་ཤུལ་ས་ཁུལ་གྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་བུ་བཙའི་རོགས་འདེགས་བཀོལ་སྤྱོད་རྩལ་ནུས་དང་། ཕྲུ་གུ་སྐྱེ་དཀའ་བ་དང་ཕྲུ་གུ་བཙས་རྗེས་ཁྲག་ཐོན་པའི་དབྱེ་འབྱེད་ཐག་གཅོད་དང་འགོག་བཅོས་བྱ་ཐབས། རྒྱུན་གཏན་གྱི་བུ་བཙའི་ཕྱོགས་སྟོན། ཕྲུ་གུ་སྦྲུམ་པའི་དུས་ཀྱི་ཁྲག་ཤེད་མཐོ་བའི་ནད་ཀྱི་ཕྱོགས་སྟོན། ཕྲུ་གུ་སྦྲུམ་པའི་དུས་མཇུག་ཏུ་མངལ་སྐེ་སྨིན་པ་དང་སྐྱེ་འདྲེན་ཕྱོགས་སྟོན། གསར་སྐྱེས་སླར་གསོ་དང་བཀོལ་སྤྱོད་སོགས་བདམས་ཡོད། རིགས་གཞུང་དང་ལག་ལེན་ཟུང་འབྲེལ་བྱས་ཤིང་ནང་དོན་ཕུན་སུམ་ཚོགས་པས་དངོས་སྤྱོད་རང་བཞིན་ཆེ་ལ། ཡུལ་ཤུལ་ཁུལ་གྱི་བུ་བཙའི་རོགས་འདེགས་ཁྱབ་ཁོངས་ཀྱི་སྨན་པར་ཆུ་ཚད་མཐོ་བའི་སློབ་སྦྱོང་གི་ལས་སྟེགས་ཤིག་བཏོད་ཡོད།  །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།