མུ་རིའི་གཏེར་ཁུལ་གྱིས་ལྗང་བསྒྱུར་གྱི་འབྲེལ་ཡོད་བྱ་བར་སྐུལ་འདེད་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས14ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་ནས་ཤེས་གསལ་བྱུང་བ་ལྟར་ན། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་དབྱང་གི་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་འཆར་འགོད་བསམ་འཆར་ཁྲོད་བཏོན་པའི་སྐྱེ་ཁམས་དཔལ་ཡོན་བསམ་བློའི་བརྗོད་སྙིང་ལ་གདོང་གཏད་དེ། མཚོ་སྔོན་ཞིང་ཆེན་གྱིས་མུ་རིའི་གཏེར་ཁུལ་དང་མདོ་ལ་རི་བོའི་ལྷོ་རྒྱུད་མཚོ་སྔོན་ས་མཚམས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ་དེ་འགོ་རྩོམ་སར་བྱས་ནས། མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བཟོ་སྐྲུན་དེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གཙོ་གནད་དུ་བྱས་ནས། མུ་རིའི་གཏེར་ཁུལ་དང་མདོ་ལ་རི་བོའི་ལྷོ་རྒྱུད་མཚོ་སྔོན་ས་མཚམས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བཟོ་སྐྲུན་དེ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་བའི་བཟོ་སྐྲུན་དུ་བྱས་ནས་གསར་སྐྲུན་བྱེད་པར་ཧུར་བརྩོན་བྱེད་རྒྱུ་རེད།

《མུ་རིའི་གཏེར་ཁུལ་དང་མདོ་ལ་རི་བོའི་ལྷོ་རྒྱུད་མཚོ་སྔོན་ས་མཚམས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ལོ་ངོ་གསུམ་གྱི་བྱེད་ཐབས》ཀྱི་དམིགས་འབེན་བླང་བྱ་ལྟར། མཚོ་སྔོན་གྱི་འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་བཀོད་སྒྲིག་ལྟར། མུ་རིའི་གཏེར་ཁུལ་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་སྤེལ། ད་ལྟ། མཚོ་སྔོན་གྱིས་ལྗང་བསྒྱུར་བྱ་བར་སྐུལ་འདེད་གཏོང་བཞིན་པའི་སྒང་རེད། 

ཟླ11པའི་ཟླ་མཇུག་བར་དུ། གཏེར་ཁུངས་བཟོ་སྐྲུན་སྐོར་ཞིག་ལས་གཞན། མུ་རིའི་གཏེར་ཁུལ་གྱི་གཏེར་ཁུངས་གཞན་དག་གི་བཅོས་སྐྱོང་བཟོ་སྐྲུན་ལེགས་འགྲུབ་རྨང་གཞིའི་སྟེང་ལེགས་འགྲུབ་བྱས་ཡོད། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།