རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་དགུན་དུས་ཚན་རིག་ཞིབ་འཇུག་བྱེད་འགོ་ཚུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཀྲུང་གོའི་ཚན་རིག་ཞིབ་འཇུག་གླིང་རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་ཞིབ་འཇུག་ཁང་ནས་རྒྱུས་ལོན་པ་ལྟར་ན། ཞིབ་འཇུག་ཁང་འདིས་སྣེ་ཁྲིད་པའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་དགུན་དུས་ཚན་རིག་ཞིབ་འཇུག་ཚེས21ཉིན་འགོ་བརྩམས་ཤིང་། ཚན་རིག་ཞིབ་འཇུག་གིས་ཐོག་མར་གྱེན་འཕུར་གནམ་གྲུས་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞི་ཚོད་ལྟའི་ས་ཁུལ་ནང་གི་འབྲི་ཆུའི་འགོ་ཁུངས་གླིང་ཁུལ་དུ་རྟོག་ཞིབ་བྱས། 

རྒྱུས་ལོན་པ་ལྟར་ན། དུས་ཡུན་ཉིན9ཡི་ཚན་རིག་ཞིབ་འཇུག་ཁྲོད། ཚན་རིག་ཞིབ་འཇུག་མི་སྣ་གྱེན་འཕུར་གནམ་གྲུར་བསྡད་དེ་དམར་ཕྱིའི་འོད་ཀྱི་འཕྲུལ་ཆས་དང་། གློག་རྡུལ་འཕྲུལ་ཆས་སྤྱད་དེ་འབྲི་ཆུའི་མགོ་ཁུངས་དང་། ཨ་ཆེན་གངས་རྒྱབ་སོགས་དགུན་དུས་ཀྱི་རྨིག་ཐོག་སྲོག་ཆགས་དང་། ས་ཁུལ་གྱི་སྐྱེ་དངོས་ཁྱབ་ཚུལ། ཆུའི་ཐོན་ཁུངས་གནས་ཚུལ་སོགས་ལ་རྟོག་ཞིབ་བྱས་པ་མ་ཟད། བཤང་གཅི་སོགས་ས་ངོས་སྐྱེ་དངོས་ཀྱི་མ་དཔེ་བསྡུ་ལེན་བྱས་ནས། སྐྱེ་དངོས་ཆུང་ངུ་དང་སྐྱེ་དངོས་ཐོན་ཁུངས་ཀྱི་བཟོ་ལས་ཅན་བེད་སྤྱོད་ལ་གཞི་གྲངས་མཁོ་འདོན་བྱས།

ད་ལྟ། ཚན་རིག་ཞིབ་འཇུག་མི་སྣ42མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་དུ་འབྱོར་ཡོད།། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།