རྒྱལ་ཡོངས་ཀྱི་ཐེངས་གཉིས་པའི་མཚོ་བོད་ཚན་རིག་ཞིབ་འཇུག་ལས་གཞིའི་དོ་དམ་གསོ་སྦྱོང་མཚོ་སྔོན་དུ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས17ཉིན། ཚན་རྩལ་པུའུ་ཡི་འཐབ་ཇུས་འཆར་འགོད་སི་དང་། རྒྱལ་ཁབ་ཚན་རྩལ་རྨང་གཞི་ཆ་རྐྱེན་སྟེགས་བུ་ལྟེ་གནས། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་བཅས་ཀྱིས་མཉམ་འབྲེལ་སྒོས་མཚོ་སྔོན་ཞིང་ཆེན་དུ་ཐེངས་གཉིས་པའི་མཚོ་བོད་ཚན་རིག་ཞིབ་འཇུག་ལས་གཞི་དོ་དམ་གསོ་སྦྱོང་སྤེལ། ཐེངས་འདིའི་གསོ་སྦྱོང་ཚོགས་འདུས་ཡུལ་དངོས་དང་བརྙན་རིས་ཀྱི་རྣམ་པས། འབྲེལ་ཡོད་ཆེད་མཁས་པ་གདན་དྲངས་ནས་མཚོ་བོད་ཚན་རིག་ཞིབ་འཇུག་ལས་གཞི་དོ་དམ་དང་ཟུང་འབྲེལ་སྒོས་རྒྱལ་ཁབ་ཚན་རྩལ་འཆར་གཞིའི་ཆེད་སྤྱོད་སྔོན་རྩིས་དང་མ་དངུལ་བེད་སྤྱོད། མཚོ་བོད་ཚན་རིག་ཞིབ་འཇུག་གཞི་གྲངས་དོ་དམ་མཉམ་བསྲེས། ཚན་རིག་ཞིབ་འཇུག་ལས་གཞིའི་ཡིག་ཚགས་དོ་དམ་དང་ལག་ལེན། ཚན་རྩལ་སྙན་ཞུ་སྒྲིག་སྲོལ་དང་རྩོམ་འབྲི་ཚད་ལྡན་སོགས་ཀྱི་གསོ་སྦྱོང་སྤེལ། མཚོ་བོད་ཚན་རིག་ཞིབ་འཇུག་ལས་འགན་ཁྲོད་ཞུགས་པའི་ལས་འགན་དྲུག་པ་དང་ལས་འགན་བཅུ་བ་ནི་ཆེད་དོན་35པར་གཏོགས་ཤིང་། མི100ལ་ཉེ་བས་དྲ་ཐོག་དང་ཡུལ་དངོས་ཀྱི་རྣམ་པས་གསོ་སྦྱོང་བྱས་པ་དང་། ཚན་རིག་ཞིབ་འཇུག་ཆེད་དོན་འབྲེལ་གཏུག་པས་ད་དུང་ཚན་རིག་ཞིབ་འཇུག་དང་ལས་གཉེར་དོ་དམ་སོགས་ཀྱི་ཐད་ནས་བགྲོ་གླེང་དང་བརྗེ་རེས་བྱས། 

ཞིང་ཆེན་ཚན་རྩལ་ཐིན་གྱི་འབྲེལ་ཡོད་འགན་ཁུར་བས་མཚམས་སྦྱོར་བྱས་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་སྔར་ལས་ལྷག་པའི་སྒོ་ནས་ཐེངས་གཉིས་པའི་མཚོ་བོད་ཚན་རིག་ཞིབ་འཇུག་ལ་འགན་སྲུང་ཞབས་ཞུ་བྱེད་པ་དང་དམ་དུ་འབྲེལ་བ་དང་། མཚོ་སྔོན་ལ་རྐང་བཙུགས་ཏེ། ཧུར་ཐག་གིས་དེའི་ཁྲོད་དུ་ཞུགས་ཤིང་། སྟོབས་ཤུགས་ཡོད་རྒུས་འགན་སྲུང་དང་ཞབས་ཞུ་ལེགས་པོ་ཞུས་ནས། ཐེངས་གཉིས་པའི་མཚོ་བོད་ཚན་རིག་ཞིབ་འཇུག་ལས་འགན་བདེ་བླག་ངང་ལག་བསྟར་བྱེད་པར་སྐུལ་འདེད་བཏང་།།

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།