མཚོ་སྔོན་ཞིང་ཆེན་གྱིས་ཕྱི་ཕྱོགས་ཚོང་དོན་བརྟན་འཇགས་ཡོང་བའི་བྱ་ཐབས་དངོས་བཏོན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ12པའི་ཚེས18ཉིན།  ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་དང་གློག་རྡུལ་འགག་སྒོའི་གཞི་གྲངས་ལྟེ་གནས་ཟི་ལིང་ཡན་ལག་ལྟེ་གནས་ཀྱིས་ཟི་ལིང་གྲོང་ཁྱེར་དུ“འགག་སྒོ་དངུལ་ཁངKEY”རྣམ་གྲངས་དངོས་སུ་སྤེལ་འགོ་བརྩམས་པ་དང་།   ཕྱིར་གཏོང་ནང་འདྲེན་ཁེ་ལས་ཀྱི་གློག་རྡུལ་འགག་སྒོའི་ལས་སྒོ་གཉེར་རྒྱུར་སྔར་ལས་སྟབས་བདེ་ཡོང་བ་དང་།  འགག་སྒོའི་མ་རྩ་དམའ་རུ་གཏོང་བ།  འགག་སྒོའི་རྣམ་གྲངས་ཇེ་ལེགས་སུ་འགྲོ་བ་བཅས་ལ་ཕན་ནུས་ལྡན་པ་རེད།

ཀྲུང་གོའི་གློག་རྡུལ་འགག་སྒོའི་གཞི་གྲངས་ལྟེ་གནས་ཟི་ལིང་ཡན་ལག་ལྟེ་གནས་ཀྱི་ཀྲུའུ་རིན་མ་ཞུའེ་ཧྥུན་གྱིས་ངོ་སྤྲོད་བྱས་པ་ལྟར་ན།  “འགག་སྒོ་དངུལ་ཁངKEY”རྣམ་གྲངས་ཀྱིས“KEYཡི་དཔང་ཡིག་གཉིས”ཀྱི་ལག་རྩལ་གསར་གཏོད་ལ་བརྟེན་ནས“མཉམ་སྤྱོད་བྱང་བུ”གསར་གཏོད་བྱས་ཏེ།   ཁེ་ལས་ཀྱིས་མཉམ་སྤྱོད་བྱང་བུ་བཀོལ་སྤྱོད་བྱས་ཚེ་ཀྲུང་གོའི་རྒྱལ་སྤྱིའི་ཚོང་དོན་གྱི་སྐར་ཁུང་རྐྱང་པ་སོགས་ཐབས་ལམ་བརྒྱུད་ནས་དངོས་ཟོག་རེ་ཞུ་བྱེད་པ་སོགས་ཀྱི་འགག་སྒོའི་ལས་སྒོ་གཉེར་ཆོག་ལ།  འཛུགས་སྐྲུན་དངུལ་ཁང་ཁེ་ལས་ཀྱི་དྲ་ཐོག་དངུལ་ཁང་དུ་བསྡོམས་རྩིས་རྒྱག་རྒྱུའི་ཐོ་འགོད་དང་། ཕྱི་དངུལ་བྲིན་ཚོང་། ཚོང་དོན་མ་དངུལ་བསྡུ་སྒྲིལ་སོགས་དངུལ་རྩའི་ཐོན་རྫས་ཀྱི་ཞབས་ཞུ་ལོངས་སྤྱོད་བྱས་ཆོག་པས།  གཅིག་མཐུན་གྱི་སྒོ་ནས་ཁེ་ལས་ཀྱི་འགག་སྒོའི་དྲ་ཞུགས་དང་དྲ་ཞུགས་དངུལ་རྩའི་ཐོ་འཇུག་གི་ལས་སྒོའི་དགོས་མཁོ་སྐོང་ཐུབ་པ་རེད།  །  

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།