ཞིན་ཁྲང་ཞིང་གིས་མཚོ་ལྷོ་ཁུལ་གྱི2020ལོའི་ལོ་འཁོར་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་དོན་འཁྱོལ་བྱས་ཚུལ་ལ་དཔྱད་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས21ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་སྣེ་ཁྲིད་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི2020ལོའི་ལོ་འཁོར་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་ལྟ་སྐུལ་འགན་འཁྲི་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་དང་དཔྱད་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ། ཆབ་སྲིད་དང་སྤྱོད་གཙང་གི་འགག་སྒོ་གཉིས་དམ་འཛིན་དང་། ཆབ་སྲིད་དང་རང་བྱུང་སྐྱེ་ཁམས་གཉིས་སྲུང་སྐྱོང་། ཏང་སྲོལ་སྲིད་སྐྱོང་འཛུགས་སྐྱོང་གི་འགན་འཁྲི་གཉིས་དོན་འཁྱོལ་བྱས་ནས། ལོ་གསར་བའི་ཁྲོད་མཁའ་དབུགས་གསར་བ་དང་། གྲུབ་འབྲས་གསར་བ་གསར་གཏོད་བྱེད་དགོས་ཞེས་ནན་གྱིས་བསྟན།

ཞིན་ཁྲང་ཞིང་གིས་དཔྱད་ཞིབ་དང་བྱ་དགའ་སྤྲོད་པ་དང་ཆད་པ་གཅོད་པ་ནི་ལས་དོན་སྒྲུབ་སྐབས་དང་བསྒྲུབས་རྗེས་ལ་ལྟ་སྐུལ་བྱེད་པ་ཡིན་པས། འགག་རྩ་ནི་སྔོན་འགོག་སློབ་གསོ་ཡག་པོ་བསྒྲུབ་ནས་ཆབ་སྲིད་དང་སྤྱོད་གཙང་གི“འགག་སྒོ་གཉིས”ནན་དུ་སྲུང་དགོས། མིག་སྔར། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་གཞི་བཙུགས་ནས་གནས་བབ་རྙོག་འཛིང་ཇི་ཙམ་ཆེ་བ་དང་། ལས་འགན་ཇི་ཙམ་དཀའ་ཚེགས་ཆེ་ན་དེ་ཙམ་གྱིས་དར་ཆ་མཐོ་རུ་སྒྲེང་ནས་ཆབ་སྲིད་ལ་དང་དོད་བྱས་ཏེ། “འདུ་ཤེས་བཞི་”སྔར་ལས་མཐོ་རུ་གཏོང་བ་དང་། “གདེང་ཚོད་བཞི་”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་ཀྱི་སྒོ་ནས་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་གཞི་གཅིག་མཐུན་ཡོང་བ་བྱེད་དགོས། སྤྱོད་གཙང་ནི་དཔོན་པོ་དང་མི་ཚུལ་ལྡན་ཞིག་བྱེད་པའི་གཞི་རྩ་ཡིན་པས། བྱ་བ་གང་ཞིག་སྒྲུབ་རུང་བ་དང་བྱ་བ་གང་ཞིག་སྒྲུབ་མི་རུང་བ་གསལ་པོར་ཤེས་དགོས་པ་ཟད། ངེས་པར་ཏུ་རང་ཉིད་ལ་དོ་དམ་བྱེད་ཐུབ་པ་དང་བསླུ་བྲིད་འགོག་ཐུབ་པ་བྱེད་དགོས་པ་ལས། སྤྱོད་གཙང་ཐད་ནོར་འཁྲུལ་གཏན་ནས་བཟོ་མི་རུང་ལ། རང་ཉིད་ཀྱི་རང་དབང་ཤོར་བ་དང་། ཁྱིམ་མིས་མགོ་ཡར་འགྱོག་མི་ཐུབ་པ། རྩ་འཛུགས་ལ་ངན་དཀྲི་བ། མང་ཚོགས་ལ་གནོད་པ་བཟོ་བ། ཐ་ན་གཞན་ལ་འཕྱ་དམོད་བྱེད་དུ་འཇུག་པ་བཅས་གཏན་ནས་བྱེད་མི་རུང་ཞེས་ནན་གྱིས་བསྟན།

ཞིན་ཁྲང་ཞིང་གིས་དཔྱད་ཞིབ་ནི་བྱེད་ཐབས་ཤིག་ཡིན་ཞིང་། རྩ་བའི་དམིགས་ཡུལ་ནི་བྱ་བར་སྐུལ་འདེད་གཏོང་བ་དེ་ཡིན། དཔྱད་ཞིབ་ཚན་ཆུང་གིས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན་བྱས་པ་བརྒྱུད། མང་ཚོགས་ཀྱིས་བསམ་འཆར་མང་པོ་འདོན་པའི་མངོན་གསལ་དོད་པའི་གནད་དོན་དང་། “འགན་འཁྲི་གཉིས”དོན་འཁྱོལ་བྱེད་པའི་ཞན་ཆ། ལེགས་བཅོས་བྱེད་དགོས་པའི་བྱ་ཐབས་བཅས་ཚང་མ་གསལ་རྟོགས་བྱེད་པ་དང་འབྲེལ་དུས་ཐོག་ཏུ་ཁུལ་ཏང་ཨུ་ལ་སྙན་ཞུ་བྱས་ནས་ལེགས་བཅོས་བྱེད་པའི་བསམ་འཆར་དང་གྲོས་གཞི་འདོན་དགོས། ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་། ཁུལ་སྒྲིག་ཁྲིམས་ཨུ་ལྷན་གྱིས་དཔྱད་ཞིབ་གོ་སྐབས་སུ་བཟུང་ནས། ཁུལ་ཡོངས་སུ“འགན་འཁྲི་གཉིས”དོན་འཁྱོལ་བྱས་ཚུལ་ལ་ཕྱིར་མིག་བལྟས་ཏེ་ཉམས་མྱོང་ཕྱོགས་སྡོམ་དང་། ཞན་ཆ་འཚོལ་ཞིབ། ཕྱོགས་ཡོངས་ནས་ལེགས་བཅོས་གཏོང་བ་བཅས་བྱེད་དགོས་པའི་བླང་བྱ་འདོན་དགོས། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་སྲིད་དོན་གཙང་སྐྱོང་གི་འདུ་ཤེས་འཛིན་ཤུགས་སྔར་ལས་ཆེ་རུ་གཏོང་བ་དང་། “ལས་གནས་གཅིག་ལ་འགན་འཁྲི་གཉིས་”ལག་བསྟར་ནན་ཏན་བྱས་ཏེ་ཏང་སྲོལ་སྲིད་སྐྱོང་འཛུགས་སྐྱོང་དང་རུལ་སུངས་ལ་རྒོལ་བའི་བྱ་བའི་ལས་འགན་ཁག་ནན་ཏན་གྱིས་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་ཞེས་བསྟན།

ཞིང་ཆེན་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པའམ་མཚོ་ལྷོ་ཁུལ་ཏང་ཨུའི་ཧྲུའུ་ཅི་ཀྲང་ཝུན་ཁུའེ་ཡིས་མཚོ་ལྷོ་ཁུལ་ཏང་སྲིད་འགོ་ཁྲིད་ཚན་ཁག་གིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲི་བསྒྲུབས་པའི་གནས་ཚུལ་སྙན་སེང་ཞུས་པ་དང་། མཚོ་ལྷོ་ཁུལ་སྒྲིག་ཁྲིམས་ལྟ་ཞིབ་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་གྱིས་ལྟ་སྐུལ་འགན་འཁྲི་བསྒྲུབས་པའི་གནས་ཚུལ་སྙན་སེང་ཞུས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།