ཡུས་ཧྲུའུ་གྲོང་ཁྱེར་གྱིས“དཔལ་ཡོན་གྱི་ཡུས་ཧྲུའུ།ཁྱིམ་ཚང་ཁྲིར་བསྐྱོད་པ”ཞེས་པའི་དམངས་ཕན་བྱེད་སྒོ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “བརྟན་བརླིང་དྲུག”དང“འགན་ལེན་དྲུག”གི་ལས་དོན་སྔར་བས་དོན་འཁྱོལ་བཟང་པོ་བྱས་ནས་དམངས་ཡོངས་ཀྱིས་གྲོང་ཁྱེར་གྱི་གྲུབ་འབྲས་མཉམ་སྤྱོད་བྱ་ཆེད། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་དང་ཀྲུང་གོ་དངུལ་ཁང་མཉམ་འབྲེལ་མཚོ་སྔོན་ཡན་ལག་ཀུང་སི། མི་དམངས་དངུལ་ཁང་ཡུས་ཧྲུའུ་ལྟེ་བའི་ཡན་ལག་དངུལ་ཁང་། དེ་བཞིན་ཁོངས་གཏོགས་ཀྱི་དངུལ་རྩའི་ལས་ཁུངས་དག་གིས་སྟོབས་ཤུགས་དང་ཐོན་ཁུངས་གཅིག་སྒྲིལ་བྱས་ནས། ཟླ12པའི་ཚེས17ཉིན། “དཔལ་ཡོན་གྱི་ཡུས་ཧྲུའུ·ཁྱིམ་ཚང་ཁྲིར་བསྐྱོད་པ”ཞེས་པའི་དམངས་ཕན་བྱེད་སྒོ་སྤེལ་འགོ་བརྩམས་པ་རེད།

ཐེངས་འདིའི་བྱེད་སྒོ་ལ་དངུལ་ཁང་མཉམ་འབྲེལ་གྱིས“སྤྲིན་ཚོགས་མྱུར་སྤྲོད”APPལ་བརྟེན་ནས་ཕྱོགས་མང་པོས་མ་དངུལ་སྒོར་ཁྲི250གྲབས་གསོག་བྱས་ཏེ། ཡུས་ཧྲུའུ་གྲོང་ཁྱེར་གྱི་སྤུས་ལེགས་ཚོང་དོན་ཁེ་ལས200ལྷག་ཙམ་ལ་ཁྱབ་པ་བྱས་ནས། “སྤྲིན་ཚོགས་མྱུར་སྤྲོད་ཡུས་ཧྲུའུ་གསར་པར་བསྐྱོད”ཅེས་པའི་སིལ་ཚོང་ཚོང་ལས་དང་བཟའ་བཏུང་སོགས་འཛད་སྤྱོད་ཁྱབ་ཁོངས་ཁག་མཉམ་འགུལ་བྱེད་པར་སྐུལ་ཁྲིད་དང་། འགྲོ་གྲོན་ཉུང་དུ་གཏོང་བའི་དམངས་ཕན་བྱེད་ཐབས་བརྒྱུད། ཡུས་ཧྲུའུ་གྲོང་ཁྱེར་གྱི་འཛད་སྤྱོད་ནང་མཁོ་ལ་སྐུལ་ཁྲིད་དང་ཚོང་ལས་ཞབས་ཞུ་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཡུས་ཧྲུའུ་གྲོང་ཁྱེར་གྱི་དཔལ་འབྱོར་མགྱོགས་མྱུར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་སུ་བསྐྱོད་པར་བྱས། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།