མཚོ་སྔོན་གྱི་མི1ལ2020ལོའི་ལོ་འཁོར་གྱི་རྒྱལ་ཡོངས“དམག་ཁོངས་ལས་བུད་པའི་དམག་མི་ཡག་ཤོས”ཀྱི་གཟི་བརྗིད་མཚན་སྙན་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། དམག་ཁོངས་ལས་བུད་པའི་དམག་མིའི་ལས་དོན་པུའུ། ཀྲུང་དབྱང་དམག་ཨུའི་ཆབ་སྲིད་ལས་དོན་པུའུ་བཅས་ཀྱིས“དམག་ཁོངས་ཕྱིར་འབུད་དམག་མི་ཡག་ཤོས”18དང་། “དམག་ཁོངས་ལས་བུད་པའི་དམག་མི་ཡག་ཤོས”ཚོགས་པ2དཔྱད་འདེམས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་དམག་ཁོངས་ལས་བུད་པའི་དམག་མི་དང་། མཚོ་སྔོན་ལི་ཀྲན་ཁྲིམས་རྩོད་པའི་ལས་དོན་ཁང་གི་ཏང་ཀྲི་པུའི་ཧྲུའུ་ཅིའམ་ཀྲུའུ་རེན་ཏུང་པོ་ཅུན་ལ2020ལོའི་ལོ་འཁོར་གྱི“རྒྱལ་ཡོངས་ཀྱི་དམག་ཁོངས་ལས་བུད་པའི་དམག་མི་ཡག་ཤོས”ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད། 

ཏུང་པོ་ཅུན་ནི་མཚོ་སྔོན་ལི་ཀྲན་ཁྲིམས་རྩོད་པའི་ལས་དོན་ཁང་གི་ཏང་ཀྲི་པུའི་ཧྲུའུ་ཅི་དང་ཀྲུའུ་རེན་ཡིན་པ་དང་། 1978ལོར་དམག་ལ་ཞུགས་པ་དང2000ལོར་དམག་ཁོངས་ནས་ཕྱིར་བུད། དམག་ཁོངས་ནས་ཕྱུར་བུད་རྗེས་ཀྱི་ཏུང་པོ་ཅུན་གྱིས་ཐོག་མཐའ་བར་གསུམ་དུ་གུང་ཁྲན་ཏང་ཡོན་དང་དམག་མི་ཞིག་ཡིན་པའི་ཚད་གཞིའི་སྟེང་རང་ཉིད་ལ་བླང་བྱ་ནན་པོ་བཏོན་ནས། དམག་ཁོངས་ནས་ཕྱིར་ལོག་རྗེས་རང་གཤིས་མི་འགྱུར་བར་ཏང་དང་དམག་དཔུང་གི་སློབ་གསོ་དང་གསོ་སྐྱོང་གི་བཀའ་དྲིན་བློ་ལ་བརྟན་པོར་བཟུང་ནས་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱས། ཁོང་གིས་རྒྱུན་དུ་མི་དམངས་མང་ཚོགས་དང་དམག་དཔུང་། དམག་མི་བཅས་ལ་རིན་མེད་བཅའ་ཁྲིམས་བློ་འདྲི་དང་ཁྲིམས་ལུགས་ཁྱབ་གདལ་གསོ་སྦྱོང་མཁོ་འདོན་བྱས་ཏེ་ལས་སྒོའི་བྱང་ཚད་དང་ཆབ་སྲིད་ཀྱི་བྱང་ཚད་བཟང་པོར་བརྟེན་ནས་དོ་བདག་དང་ཏང་དང་སྲིད་གཞུང་གི་ཁས་ལེན་ཐོབ། 2020ལོར་མཚོ་སྔོན་ཞིང་ཆེན་ཏང་ཨུ་རྩ་འཛུགས་པུའུ་དང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་དམག་ཁོངས་ལས་བུད་པའི་དམག་མིའི་ལས་དོན་ཐིན། ཞིང་ཆེན་དམག་ཁུལ་ཁང་ཆབ་སྲིད་ལས་དོན་ཅུའུ་བཅས་ཀྱིས“མཚོ་སྔོན་ཞིང་ཆེན་གྱི་དམག་ཁོངས་ལས་བུད་པའི་ཕུལ་བྱུང་དམག་མི”ལ་བདམས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།