གཏེར་ལམ་ཆུ་སྡེ་བའི་བདེ་སྐྱིད་ཀྱི་འཚོ་བ།

1126885997_16085143144641n.jpg

འདི་ནི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དབུས་ལམ་རྫོང་གཏེར་ལམ་ཆུ་སྡེ་བའི་སྡེ་མི་ཀྲང་ཀུའེ་ལན་གྱིས་ཚྭ་ཁུག་འཚེམ་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དབུས་ལམ་རྫོང་གཏེར་ལམ་ཆུ་སྡེ་བ་ནི་སྔོན་ཆད་ཞིང་ལས་ཀྱི་དབུལ་ཕོངས་སྡེ་བ་ཞིག་ཡིན། སྡེ་མི་མང་ཆེ་བས་ནས་དང་གྲོ་སོགས་སྲོལ་རྒྱུན་གྱི་ཞིང་ལས་སྐྱེ་དངོས་བཏབ་ཡོད་པས་ཐོན་ལས་གྲུབ་ཆ་རྐྱང་པ་ཡིན་པ་རེད། གནད་སྨིན་དབུལ་སྐྱོར་ལས་དོན་ཏན་ཏིག་ངང་སྤེལ་བ་ནས་བཟུང་། ཁེ་ལས་མཉམ་འབྲེལ་གྱིས་སྡེ་བ་གོང་འཕེལ་དུ་གཏོང་བའི“1+1”ལས་སྟེགས་དང་ཚྭ་ཁའི་ཡུལ་སྐོར་ཀུང་སིའི་རོགས་སྐྱོར་ལས་ཀའི་ལམ་སྲོལ་བརྒྱུད་དེ་སྡེ་བའི་ཐུན་མོང་དཔལ་འབྱོར་སྟོབས་ཆེར་བཏང་བ་དང་མང་ཚོགས་ཀྱི་ཡོང་འབབ་མང་དུ་བཏང་སྟེ།གནད་སྨིན་དབུལ་ཐར་གྱི་རྗེས་མཐུད་ཐོན་ལས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་ཞིག་བཏོད་ཡོད།

1126885997_16085143145211n.jpg

འདི་ནི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དབུས་ལམ་རྫོང་གཏེར་ལམ་ཆུ་སྡེ་བའི་ཕྱིའི་རྣམ་པ་རེད།

1126885997_16085143145611n.jpg

འདི་ནི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དབུས་ལམ་རྫོང་གཏེར་ལམ་ཆུ་སྡེ་བའི་སྡེ་མི་ཀྲང་ཀུའེ་ལན་གྱིས་ཉལ་ཁང་ལ་གཙང་སྦྲ་བྱེད་བཞིན་པ།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།