སྐབས་ལྔ་བའི་ལོ་ཆུང་གདོང་ལེན་རུ་ཁག་གི་མཛུབ་སྟོན་པའི་རྩལ་ནུས་འགྲན་བསྡུར་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས16ཉིན། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་ལོ་ཆུང་གདོང་ལེན་བྱ་བའི་ཨུ་ཡོན་ལྷན་ཁང་བཅས་ཀྱིས་གཙོ་སྒྲུབ་དང་། གུང་གཞོན་ཚོགས་པ་ཟི་ལིང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་དང་། ཟི་ལིང་གྲོང་ཁྱེར་སློབ་གསོ་ཅུའུ་སོགས་ལས་ཁུངས་ཀྱི་འགན་སྒྲུབ་བྱས་པའི་མཚོ་སྔོན་ཞིང་ཆེན་སྐབས་ལྔ་བའི་ལོ་ཆུང་གདོང་ལེན་རུ་ཁག་གི་མཛུབ་སྟོན་པའི་རྩལ་ནུས་འགྲན་བསྡུར་མཇུག་སྒྲིལ། གྲོང་ཁྱེར་དང་ཁུལ་སོ་སོ། དེ་མིན་ཐད་གཏོགས་ལས་ཁུངས9ནས་ཐོན་པའི་འཐུས་ཚབ་རུ་ཁག ལོ་ཆུང་གདོང་ལེན་རུ་ཁག་གི་མཛུབ་སྟོན་པ38འགྲན་བསྡུར་ལ་ཞུགས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ལོ་ཆུང་གདོང་ལེན་རུ་ཁག་གི་སྤྱིའི་མཛུབ་སྟོན་པ། སློབ་གྲྭ་འབྲིང་ཆུང་གི་ལོ་ཆུང་གདོང་ལེན་རུ་ཁག་གི་མཛུབ་སྟོན་པ་བཅས་ཁྱོན་བསྡོམས་མི260ཡིས་འགྲན་བསྡུར་ལྟ་སྦྱོང་བྱས། 

འགྲན་བསྡུར་ལ་གཞུང་ལུགས་ཤེས་བྱའི་ཚད་ལེན་དང་། ལོ་ཆུང་གདོང་ལེན་རུ་ཁག་གི་བྱ་འགུལ་འགྲེམ་སྟོན། ལོ་ཆུང་གདོང་ལེན་རུ་ཁག་གི་གུས་ཞུའི་དྲིས་ལན་འདེབས་པ། ལོ་ཆུང་གདོང་ལེན་རུ་ཁག་གི་མཛུབ་སྟོན་པའི་རྩལ་ནུས་འགྲེམ་སྟོན་བཅས་རིམ་པ4སྒྲིག་བཀོད་བྱས་ཡོད་ཅིང་། ཛ་དྲག་གི་འགྲན་བསྡུར་བརྒྱུད། ཟི་ལིང་གྲོང་ཁྱེར་འཐུས་ཚབ་རུ་ཁག་གིས་ཚོགས་པའི་ཨང་དང་པོའི་བྱ་དགའ་དང་། མཚོ་བྱང་ཁུལ་འཐུས་ཚབ་རུ་ཁག་གིས་ཚོགས་པའི་བྱ་དགའ་ཨང་གཉིས་པ། མཚོ་ལྷོ་ཁུལ་འཐུས་ཚབ་རུ་ཁག་གིས་ཚོགས་པའི་ཨང་གསུམ་པ་བཅས་བླངས་ཤིང་། ཀྲིག་ཏིག་ཐུང་སོགས་མཛུབ་སྟོན་པ16ལ་མི་སྒེར་གྱི་བྱ་དགའ་ཨང་དང་པོ་དང་། གཉིས་པ།གསུམ་པ་བཅས་ཐོབ། 

འགྲན་བསྡུར་ལ་ཞུགས་པའི་མཛུབ་སྟོན་པས་བསྟན་དོན། འགྲན་བསྡུར་ལ་ཞུགས་པ་དེས་ཆབ་སྲིད་ཀྱི་ལངས་ཕྱོགས་དང་མིག་རྒྱ་བསྐྱེད་པ་མ་ཟད། བསམ་བློ་དང་རྩལ་ནུས་མཐོ་རུ་བཏང་ཞིང་། ལོ་ཆུང་གདོང་ལེན་རུ་ཁག་གི་བྱ་བར་དོན་སྙིང་དང་དུས་རབས་ཀྱི་ལས་འགན་ལ་ངེས་ཤེས་ཐོབ་དུ་བཅུག་པ་དང་། ལོ་ཆུང་གདོང་ལེན་རུ་ཁག་གི་བྱ་བའི་བརྩོན་སེམས་ལ་སྐུལ་སྤེལ་བྱས། བྱ་བའི་ལས་གནས་སུ་ཞུགས་རྗེས། ཐོབ་འབྲས་ཚང་མ་ལག་ལེན་ཁྲོད་བེད་སྤྱད་དེ་སློབ་གྲྭའི་ལོ་ཆུང་གདོང་ལེན་རུ་ཁག་གི་བྱ་བ་དེ་དུས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན།། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།