ཟླ1པ་ནས་ཟླ11པའི་བར་མཚོ་སྔོན་ཞིང་ཆེན་གྱིས་ཁྱོན་བསྡོམས་ཕྱིར་གཏོང་གི་ཁྲལ་བསྡུའི་སྲིད་ཇུས་ཁེ་སྤོགས་སྒོར་ཁྲི7148བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2020ལོར། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུའུ་ཡིས་མགྱོགས་མྱུར་ངང་ཕྱིར་གཏོང་ཁྲལ་བསྡུ་ལས་སྒྲུབ་དང་། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་ཕྱིར་གཏོང་ཁྲལ་བསྡུ་ཕྱིར་སྤྲོད་ཀྱི་བགྲོད་ལམ་ཕྱེས་ཤིང་། ཁྱོན་ཡོངས་ནས་ཕྱིར་གཏོང་ཁེ་ལས་ཀྱིས་གློག་རྡུལ་ཁྲལ་དོན་ཅུའུ་དང་རྒྱལ་སྤྱིའི་ཉོ་ཚོང་ཚད་ལྡན་ཅན་གྱི་སྒེའུ་ཁུང་སྣ་གཅིག་སོགས་ཀྱི་རྣམ་པས་དྲ་སྟེང་ཏུ་ཕྱིར་གཏོང་ཁྲལ་དངུལ་ཕྱིར་སྤྲོད་ལ་རེ་ཞུ་བྱེད་པ་ཁྱོན་ཡོངས་ནས་སྤེལ་བ་དང་། མུ་མཐུད་དུ་ཁྲལ་བསྡུ་ཕྱིར་སྤྲོད་ཀྱི་ཆ་སྙོམས་དུས་ཚོད་ཇེ་ཉུང་དུ་བཏང་སྟེ། ཁེ་ལས་ལ་རོགས་རམ་བྱས་ནས་ས་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་། ཟླ1པ་ནས་ཟླ11བར། མཚོ་སྔོན་གྱིས་ཁྱོན་བསྡོམས་ཕྱིར་གཏོང་ཁྲལ་བསྡུ་མེད་པར་གཏོང་བའི་སྲིད་ཇུས་ཀྱི་ཁེ་སྤོགས་མ་དངུལ་སྒོར་ཁྲི7148བཏང་། ཞིང་ཆེན་ཡོངས་ཀྱིས་ཁྲལ་བསྡུ་ཕྱིར་སྤྲོད་ཀྱི་ཆ་སྙོམས་དུས་ཚོད་དེ་ཉིན5ཡི་ལས་སྒྲུབ་དུས་ཚོད་ནང་ལེགས་འགྲུབ་བྱེད་པ་མངོན་འགྱུར་བྱུང་ནས། རྒྱལ་ཡོངས་ཀྱི་ཁྲལ་བསྡུ་ཕྱིར་སྤྲོད་ཀྱི་ཆ་སྙོམས་ལས་སྒྲུབ་ཉིན8ལས་དུས་ཡུན་ཉིན3ཇེ་ཉུང་དུ་བཏང་། 

དུས་མཚུངས་སུ། ཁྲལ་དོན་སྡེ་ཁག་གིས་ཁྲལ་དོན་དང་ཁེ་ལས་སྟེགས་བུ་ཞབས་ཞུ་བྱེད་ནུས་རྒྱ་བསྐྱེད་པ་དང་། ཁྲལ་བསྡུ་མི་སྣས་ཁྲལ་དོན་དང་འབྲེལ་བའི་ཉམས་མྱོང་དྲ་སྟེང་ནས་བརྗེ་རེས་བྱེད་པ་ཐག་གཅོད་བྱས་ཏེ། བྱ་དགའི་སྐར་མ་ཐོབ་ཐུབ་པ་དང་། མི་སྣ་གཞན་དག་གིས་ཉམས་མྱོང་གཡར་ནས་ཁྲལ་དོན་དང་འབྲེལ་བའི་གནད་དོན་ལ་ཕན་ཚུན་རོགས་སྒྲུབ་བྱས་ཏེ། ཁྲལ་བསྡུ་དང་འབྲེལ་བའི་གནད་དོན་གཅིག་བསྡུའི་ལེགས་སྒྲིག་དང་གནད་དོན་ལ་རིག་ནུས་ལན་སློག་དང་། རྙོག་འཛིང་གནད་དོན་སྟེགས་བུ་སྟེང་ཁྱབ་སྒྲོག སྤུས་ལེགས་ལན་སློག་འོས་སྦྱོར་སོགས་ཀྱི་སྒྲིག་སྲོལ་གྲུབ་ཡོད།། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།