མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་བའི་བཞུགས་མོལ་ཚོགས་འདུ་ཡུས་ཧྲུའུ་རུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་བའི་བཞུགས་མོལ་ཚོགས་འདུ་ཡུས་ཧྲུའུ་གྲོང་ཁྱེར་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་རྟེན་འབྲེལ་ཤིས་ཚིག་ཕུལ་ཏེ། ཟི་ལིང་གྲོང་ཁྱེར་ལ་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གྱི་མཚན་སྙན་དང་། ཡུས་ཧྲུའུ་གྲོང་ཁྱེར་དེ་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གྱི་གྲས་སུ་བདམས་པར་རྟེན་འབྲེལ་ཞུས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཀྲང་། ཞིང་ཆེན་དལ་ཡོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་རོས་ཧྥིན་གྱིས་གཏམ་བཤད། ཧྲིན་ཀྲང་གཞོན་པའམ་ཞིང་ཆེན་བསམ་པའི་དཔལ་ཡོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ལིས་མིན་གྱིས་མགོ་འཛིན་བྱས།

ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་གིས་ཤིས་ཚིག་ཁྲོད་བསྟན་དོན། རྒྱལ་ཡོངས་བསམ་པའི་དཔལ་ཡོན་གྲོང་ཁྱེར་གསར་སྐྲུན་བྱེད་པ་ནི་རྔུལ་ཆུའི་ཉིང་བཅུད་ཤིག་ཡིན་ཞིང་། དེ་ནི་བསམ་བློའི་སྟོབས་ཤུགས་ཀྱི་མངོན་མཚོན་ཡིན་པ་མ་ཟད། བཙོག་མེད་འཕེལ་རྒྱས་དང་མཐུན་སྦྱོར་འཕེལ་རྒྱས། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ཀྱི་འབྲས་བུའང་ཡིན་ལ། གོ་རིམ་དཀའ་ཚེགས་ཆེ་ཞིང་། གཟི་བརྗིད་བླ་ན་མཐོ་ལ། དོན་སྙིང་ཟབ་མོ་ལྡན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཏན་ཏིག་གིས་ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་བ། ལྔ་བའི་དགོངས་དོན་ལ་སློབ་སྦྱོང་བྱས་ཏེ། དར་ཆ་མཐོན་པོར་བསྒྲེང་བ་དང་། དམངས་སེམས་གཅིག་སྒྲིལ། མི་སྣ་གསོ་སྐྱོང་། རིག་གནས་དར་རྒྱས། སྣང་བརྙན་མངོན་པ་བཅས་ཀྱི་ལས་འགན་ལ་དྲིལ་སྒྲོག་སློབ་སྦྱོང་བྱེད་པ་དང་། ཏང་གི་གཞུང་ལུགས་གསར་གཏོད་ཀྱིས་བསམ་བློ་གཅིག་གྱུར་དང་བྱེད་སྟངས་གཅིག་གྱུར་གྱིས། འཕེལ་རྒྱས་ཀྱི་མདུན་ལྗོངས་ལ་འཆར་འགོད་དང་སྟོབས་ཤུགས་གཅིག་ཏུ་དྲིལ་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བས་བསམ་བློ་གཅིག་སྒྲིལ་དང་སྲོལ་བཟང་དར་སྤེལ་གྱིས། གཏིང་ཟབ་སྒོས“ལྔ་བཞིའི”འཐབ་ཇུས་ལག་བསྟར་དང་། དམིགས་བསལ་གཅིག་དང་མཐོ་བ་གཉིས་ལ་སྐུལ་འདེད། སྟོབས་ཤུགས་ཆེན་པོས་མཚོ་སྔོན་གསར་བའི་དགོངས་དོན་དར་སྤེལ་བཏང་ནས། དུས་རབས་གསར་བའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་དང་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པ་གཉིས་མཐུད་སྦྲེལ་བྱེད་པ་དང་། མི་དམངས་ཀྱི་འཚོ་བའི་སྤུས་ཚད་ལེགས་བཅོས་དང་འཚམས་པར་བྱེད་པ། དེ་མིན་རྣམ་པ་གསར་བའི་མཁར་གྲོང་ཅན་འཛུགས་སྐྲུན་དང་སྦྲེལ་མཐུད་བྱེད་པ། གཞི་རིམ་བཅོས་སྐྱོང་གི་ཕན་ནུས་བཅས་ཕན་ཚུན་ཟུང་སྦྲེལ་བྱས་ཏེ། མུ་མཐུད་དུ་བསམ་པའི་དཔལ་ཡོན་གསར་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས། ཁྱོན་ཡོངས་ནས་སྤྱི་ཚོགས་ཀྱི་དཔལ་ཡོན་ཚད་གཞི་མཐོར་འདེགས་སུ་གཏོང་བ་དང་། ཧུར་ཐག་གིས་བླ་མེད་ཀུན་སྤྱོད་དང་། རིག་གནས་ཀྱི་རྨང་མཐུག་པ། འཆམ་མཐུན་གནས་སྡོད། མི་དམངས་ཡིད་ཚིམས་པའི་མཚོ་བོད་མཐོ་སྒང་གི་དཔལ་ཡོན་གྲོང་ཁྱེར་འཛུགས་སྐྲུན་བྱེད་པ་དང་། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཁྲོད་མཚོ་སྔོན་གྱི་སྟོབས་ཤུགས་དང་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས་ཞེས་བསྟན། 

ཁྲིན་རོས་ཧྥིན་དང་ཡུས་ཧྲུའུ་ཁུལ་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཏི་ཅུན་གྱིས་ཡུས་ཧྲུའུ་གྲོང་ཁྱེར་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གྱི་སྒོ་བྱང་གི་ཡོལ་བ་ཕྱེས་པ་དང་། ཟི་ལིང་གྲོང་ཁྱེར་དང་ཡུས་ཧྲུའུ་གྲོང་ཁྱེར་གྱིས་བརྗེ་རེས་གཏམ་བཤད་ཅིང་། ཚོགས་ཞུགས་མི་སྣས་ཡུས་ཧྲུའུ་གྲོང་ཁྱེར་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་བར་ཡུལ་དངོས་ནས་ལྟ་ཞིབ་གནང་། ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།