ཞིང་ཆེན་སྲིད་གཞུང་གིས་ཏང་ཙུའུ་རྒྱ་སྐྱེད་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་བཅུ་དགུ་ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་འགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་རྒྱ་སྐྱེད་གྲོས་ཚོགས་བསྡུས་ནས། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན། རྟེན་འབྲེལ་ཞུ་བའི་འཕྲིན་ཡིག ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་བཅས་ཀྱི་འབྲེལ་ཡོད་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་སྐྱེད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས།

ཚོགས་ཐོག་ནས་བསྟན་དོན། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ནི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་རྗེས་སུ་ཀྲུང་དབྱང་གིས་བསྡུས་པའི་གྲོས་ཚོགས་གལ་ཆེན་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་དགོངས་པ་སྔར་ལས་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་བཏང་བ་དང་། དེང་རབས་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པའི་ཡུལ་ཁམས་གསར་བ་གསར་གཏོད་བྱས་ནས། ང་ཚོས་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་དཔལ་འབྱོར་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ཚན་རིག་གི་སྣེ་ཁྲིད་དང་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས། ཙུང་ལི་ལིས་ཁི་ཆང་གི་གསུང་བཤད་ཀྱིས། སང་ལོའི་དཔལ་འབྱོར་བྱ་བར་བཀོད་སྒྲིག་གསལ་བོ་བྱས་པ་དང་། ཁ་གཏད་རང་བཞིན་དང་ལག་བསྟར་རང་བཞིན་ཆེན་པོ་ལྡན། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་བསམ་བློ་དང་འགུལ་སྐྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་། ཏང་ཀྲུང་དབྱང་གི་མིག་སྔའི་དཔལ་འབྱོར་གནས་བབ་ཀྱི་དབྱེ་ཞིབ་ཀྱི་བརྡར་གཅོད་དང་སང་ལོའི་དཔལ་འབྱོར་བྱ་བའི་སྲིད་ཇུས་བྱེད་ཕྱོགས་སྟེང་གཅིག་གྱུར་བྱས་ཏེ། གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དམ་འཛིན་བྱེད་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཁོང་དུ་ཆུད་པར་བྱེད་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་སྐོར་གྱི་ཆོས་ཉིད་གལ་ཆེན་གྱི་ངོས་འཛིན་དང་དཔལ་འབྱོར་གནས་བབ་ཐད་ཀྱི་ཚན་རིག་གི་དབྱེ་འབྱེད་ལ་རྒྱུས་ལོན་ཟབ་མོ་བྱེད་པ། སང་ལོའི་དཔལ་འབྱོར་བྱ་བའི་སྤྱི་ཁོག་གི་རེ་བ་དང་སྲིད་ཇུས་ཀྱི་ཁ་ཕྱོགས། ལས་འགན་གལ་ཆེན་དང་བཀོད་སྒྲིག་གི་རེ་བར་རྒྱུས་ལོན་གསལ་བོ་བྱས་ཏེ། ལག་བསྟར་གྱི་རང་རྟོགས་རང་བཞིན་དང་བརྟན་བརླིང་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། ཚད་གཞིར་དམིགས་པ་དང་ཤུགས་གནད་ལ་འཁེལ་བ་དང་། དཔལ་འབྱོར་རྒྱུན་མཐུད་ངང་སླར་གསོ་འཕར་སྣོན་བྱེད་པ་རྒྱུན་འཁྱོངས་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པ། གསར་རྙིང་སྒུལ་ནུས་བསྒྱུར་བར་སྐུལ་འདེད་གཏོང་བ། མཁར་གྲོང་ཁུལ་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་སྒོ་འབྱེད་རྒྱ་སྐྱེད་པ་རྒྱུན་འཁྱོངས་བྱེད་པ། མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་མཐུད་ངང་མཐོར་འདེགས་བཏང་སྟེ། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དཔལ་འབྱོར་བྱ་བའི་ཐད་ཀྱི་རྣམ་བཤད་གསར་བ་དང་རེ་བ་གསར་བ་རང་ཞིང་གི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་གྲོས་གཞི་དང་རྩ་གནད་སྒྲིག་བཟོ་ཁྲོད་ལག་བསྟར་བྱེད་དགོས། བདེན་འཛིན་དངོས་གཉེར་དང་ཁག་ཁུར་འབད་འཐབ་བྱེད་པ་དང་། རིམས་ནད་འགོག་བཅོས་ཀྱི་ཕྱིར་ནས་ནང་དུ་མཆེད་པར་བཀག་འགོག་དང་ནང་ནས་ཡང་བསྐྱར་འབྱུང་བའི་བྱ་བར་དམ་འཛིན་བྱེད་པ། ལས་གཞི་འཛུགས་སྐྲུན་དང་བདེ་འཇགས་ཐོན་སྐྱེད། མཁོ་འདོན་འགན་སྲུང་དང་རིན་གོང་གཏན་འཇགས་སུ་གཏོང་བ། དཀའ་ཁག་མང་ཚོགས་ཀྱི་འཚོ་བའི་འགན་སྲུང་སོགས་གཙོ་གནད་བྱ་བ་གཅིག་གྱུར་སྒོས་བཟང་བོར་བསྒྲུབ་ནས། ད་ལོའི་བྱ་བ་སྣ་ཚོགས་ཀྱི་མཇུག་བཟང་བོ་བསྡུ་བར་ཁག་ཐེག་བྱེད་དགོས་ཟེར།

ཚོགས་ཐོག་ནས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཀྱི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་དྲུག་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་མིའི་རིགས་ཀྱི་དབུལ་ཕོངས་ཉུང་གཏོང་ཉམས་མྱོང་གི་རྒྱལ་སྤྱིའི་གླེང་སྟེགས་སྟེང་བསྐུར་བའི་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་གི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་དང་ཀྲུང་དབྱང་དཔལ་འབྱོར་སྤྱི་ཚོགས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། སང་ལོའི་དཔལ་འབྱོར་བྱ་བར་འཆར་འགོད་ནན་མོ་བྱེད་དགོས། སྲིད་གཞུང་ལས་ཁུངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པ་དང་། དུས་རབས་གསར་བའི་རྒྱལ་ཁབ་བདེ་འཇགས་ཀྱི་ལས་འགན་གཙོ་བོ་སྣ་ཚོགས་དམ་འཛིན་བྱས་ནས། ཐབས་མང་མཉམ་སྤྱོད་ཀྱིས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་ཟེར།

ཚོགས་ཐོག་ནས་ཟླ་བཅུ་གཉིས་པའི་ཚེས་བཅུ་བཞི་ཉིན་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།