མཚོ་སྔོན་ཞིང་ཆེན་གྱི་ལྐོག་འཚོང་བྱ་བར་རྡུང་རྡེག་གཏོང་བའི་ཕྱོགས་བསྡུས་བཅོས་སྐྱོང་གི་སྐུལ་སྤེལ་གྲོས་ཚོགས་ཟི་ལིང་ནས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་གྱི་ལྐོག་འཚོང་བྱ་བར་རྡུང་རྡེག་གཏོང་བའི་ཕྱོགས་བསྡུས་བཅོས་སྐྱོང་གི་སྐུལ་སྤེལ་གྲོས་ཚོགས་ཟི་ལིང་ནས་བསྡུས། ཚོགས་ཐོག་ནས་རྒྱལ་ཡོངས་ལྐོག་འཚོང་བྱ་བར་རྡུང་རྡེག་གཏོང་བའི་ཕྱོགས་བསྡུས་བཅོས་སྐྱོང་པུའུ་བར་གྱི་མཉམ་འབྲེལ་གྲོས་ཚོགས་ཀྱི་དགོངས་དོན་དངོས་འབེབས་དོན་འཁྱོལ་བྱས་ཏེ། ཉིས་སྟོང་ཉི་ཤུ་ལོའི་ཞིང་ཆེན་ཡོངས་ཀྱི་ལྐོག་འཚོང་བྱ་བར་རྡུང་རྡེག་གཏོང་བའི་ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་གནས་ཚུལ་ཁྱབ་བསྒྲགས་དང་དུས་རིམ་རྗེས་མའི་བྱ་བར་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པ་དབྱང་ཧྥུན་ཁྲུན་ཚོགས་འདུར་ཞུགས་ནས་གཏམ་བཤད།

དབྱང་ཧྥུན་ཁྲུན་གྱིས་བསྟན་དོན། ལྐོག་འཚོང་བྱ་བ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཁོར་ཡུག་ལེགས་པོ་བསྐྲུན་ཐུབ་མིན་དང་ཐད་ཀར་འབྲེལ་བའི་ལས་དོན་ཞིག་ཡིན་ལ། རྒྱལ་ནང་གི་འཁོར་སྐྱོད་ཆེན་མོ་གཞི་རྐང་དུ་འཛིན་པ་དང་རྒྱལ་ནང་རྒྱལ་སྤྱི་ཕྱོགས་གཉིས་ཀའི་འཁོར་སྐྱོད་ཕན་ཚུན་སྐུལ་སྤེལ་གསབ་རེས་བྱེད་པའི་འཕེལ་རྒྱས་གསར་པའི་རྣམ་པ་གྲུབ་པར་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན་ཟེར།

དབྱང་ཧྥུན་ཁྲུན་གྱིས་ནན་གྱིས་བསྟན་དོན། བསམ་བློ་དང་ལག་ལེན་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལྐོག་འཚོང་བྱ་བར་རྡུང་རྡེག་གཏོང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སྟེང་ནས་གཅིག་གྱུར་ཡོང་བར་བྱས་ཏེ། རྒྱལ་ཡོངས་ཀྱི་ལྐོག་འཚོང་བྱ་བར་རྡུང་རྡེག་གཏོང་བའི་ཕྱོགས་བསྡུས་བཅོས་སྐྱོང་པུའུ་བར་གྱི་མཉམ་འབྲེལ་གྲོས་ཚོགས་ཀྱི་བཀོད་སྒྲིག་ལྟར་དུ། ཉམས་མྱོང་ལ་ཕྱོགས་བསྡོམས་དང་ཁྱབ་ཁོངས་གཙོ་བོར་དམིགས་འཛུགས་པ། ཆེད་དོན་ལས་སྒོ་རིམ་པར་སྤེལ་བ། ཉེན་ཁ་སེལ་བ་དང་ཚད་མཐའ་དངོས་སུ་སྲུང་བ་བཅས་ལ་འབད་དེ། ཞིང་ཆེན་ཡོངས་ཀྱི་ཆུ་ཚད་མཐོ་བའི་སྒོ་འབྱེད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིམས་ལུགས་ཀྱི་ཁྲོམ་རའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས་ཟེར།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།