ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་བྲག་དམར་དོ་དམ་ས་ཚུགས་ནི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་བྲག་དམར་ཤང་དུ་ཡོད་པ་དང་། དོ་དམ་བྱེད་པའི་ས་ཁྱོན་ལ་སྤྱི་ཆིང་ཁྲི1.56ཡོད་པ་དང་། སྐྱེ་ཁམས་སྲུང་སྐྱོང་བ228ཡོད།
བྲག་དམར་དོ་དམ་ས་ཚུགས་ཀྱི་ལས་བྱེད་པས་ནགས་ཁུལ་གྱི་བདེ་འཇགས་སྲུང་བ་དང་། སྐྱེ་དངོས་ཐོན་ཁུངས་ལྟ་ཞིབ་བྱེད་པ་སོགས་ཀྱི་ལས་འགན་ཁུར་ཡོད། ཉིན་རེའི་ཞོགས་པར། ཁོ་ཚོས་ཀྱག་ཀྱོག་གི་ལམ་བུ་མང་པོ་བརྒྱུད་དེ་མཉམ་དུ་སྐོར་ཞིབ་ལ་འགྲོ་བཞིན་ཡོད་ལ། དགུན་ཁའི་མདོ་ལ་རི་བརྒྱུད་དུ་གྲང་རེག་ཆེ་ནའང་དོ་དམ་ས་ཚུགས་ཀྱི་ལས་རེས་བ་དག་གིས་ལ་དང་ལུང་བ་བརྒལ་ནས། གངས་རི་དང་ནགས་རི་བརྒལ་ཏེ། ཉིན་རེར་ཆེས་ཉུང་ན་སྤྱི་ལེ20ལྷག་ལ་རྐང་ཐང་དུ་བསྐྱོད་ནས་བྲག་དམར་ཤང་གི་ནགས་རི་རེ་རེར་སྲུང་སྐྱོང་བྱེད་བཞིན་ཡོད།
པར་འདི་དག་ནི་ཟླ12པའི་ཚེས8ཉིན། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་བྲག་དམར་དོ་དམ་ས་ཚུགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་བས་ནགས་རིར་སྐོར་ཞིབ་བྱེད་བཞིན་པའི་རྣམ་པ་རེད།
རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།
མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོང་མཁན།