ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཡུས་ཚུང་ལི་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་སོང་ནས་ཏང་གི་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སྒྲོག་བཤད་བྱས་པ་དང་། གསར་འགྱུར་སློབ་གླིང་དང་སློབ་གྲྭའི་དཔེ་མཛོད་ཁང་དུ་རྟོག་ཞིབ་བྱས་པ་མ་ཟད། སློབ་གྲྭའི་དགེ་སློབ་འཐུས་ཚབ་ལ་བསམ་བློའི་ཆབ་སྲིད་སློབ་ཁྲིད་བྱས།
ཡུས་ཚུང་ལི་ཡིས་བསྟན་དོན། ཏང་གི་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་ནི་དེང་སྐབས་དང་རྗེས་ཕྱོགས་དུས་སྐབས་ཤིག་གི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན་ལ། དེང་སྐབས་ཀྱི་ན་གཞོན་ཚོས་ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མཛུབ་སྟོན་དུ་བྱས་ཏེ། མི་རིགས་དར་རྒྱས་ཀྱི་དུས་སྐབས་གསར་བ་དང་། མ་འོངས་འཕེལ་རྒྱས་ཀྱི་དམིགས་འབེན། ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས། འཕེལ་རྒྱས་ཀྱི་འདུ་ཤེས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗོད་དོན་གསར་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཛུགས་སྐྲུན་བཅས་ལ་ཤེས་རྟོགས་ཟབ་མོ་གནང་ནས། དེང་སྐབས་ལ་དམ་འཛིན་དང་ལས་གནས་ལ་རྐང་བཙུགས་ཏེ། རིན་ཐང་གི་ནང་སྙིང་གསལ་བོ་དང་། རིན་ཐང་གི་ཚད་ལྡན་བརྩི་སྲུང་བྱས་ནས། རིན་ཐང་གི་སྲོལ་བཟང་སྣེ་ཁྲིད་ཀྱིས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་ཁྲོད་སྤྱི་ཚོགས་རིང་ལུག་ས་ཀྱི་རྒྱུན་འཛིན་པ་ལེགས་པོ་ཞིག་བྱེད་དགོས་ཞེས་བསྟན།
ཡུས་ཚུང་ལི་ཡིས་ནན་གྱིས་བསྟན་དོན། རྒྱལ་ཁབ་ཀྱི་སྤྱི་དམངས་ཤིག་ཡིན་པའི་ཆ་ནས། ན་གཞོན་ནི་མི་རིགས་དར་རྒྱས་ཀྱི་རེ་བ་བཅོལ་ས་ཡིན་པས། མི་རིགས་དར་རྒྱས་ཀྱི་ལོ་རྒྱུས་རླབས་རྒྱུན་དང་བསྡོངས་ནས་དམངས་གཙོའི་འཚོ་བའི་རྣམ་པ་འཚོལ་སྙེག་དང་། བསམ་པའི་རིག་གནས་ཉར་ལེན་བྱས་ཏེ། དཀྱེལ་ཡངས་ཀྱི་བློ་ཁོག་ཡོད་པར་བྱེད་དགོས། སྤྱི་ཚོགས་ཀྱི་ཁོངས་མི་ཞིག་ཡིན་པའི་ཆ་ནས། ན་གཞོན་ནི་སྤྱི་ཚོགས་ཡར་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་དང་། རང་འགུལ་སྒོས་སྒྲིག་སྲོལ་དང་ལེན་དང་། འདྲ་མཉམ་ཀྱི་ལས་འགན་ལག་བསྟར་བྱས་ནས། རྩོད་སྒྲུབ་ཀྱི་མིག་ཟུང་གིས་དྲང་བདེན་ལ་བལྟ་བ་དང་། རང་འགུལ་སྒོས་སྒྲིག་བརྩི་ཁྲིམས་སྲུང་བྱེད་དགོས། དེང་སྐབས་ཀྱི་སློབ་མ་ཡིན་པའི་ཆ་ནས། ན་གཞོན་ནི་ཕུགས་འདུན་འཚོལ་སྙེག་བྱེད་མཁན་གཙོ་བོ་ཡིན་པས། རྒྱལ་ཁབ་ཀྱི་ལོ་རྒྱུས་ཤེས་པ་དང་རྒྱལ་གཅེས་བྱེད་དགོས་ལ། ལས་གཉེར་བརྩོན་ལེན་གྱིས་ལྷག་བསམ་རྣམ་དག་དང་མཛའ་བརྩེ་ཟོལ་མེད་ཀྱི་མཛེས་པ་མངོན་དགོས་ཞེས་བསྟན། །
ཡུས་ཚུང་ལི་ཡིས་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་མས་དུས་རབས་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། འགན་ལེན་ཁྲོད་སྦྱོང་བརྡར་དང་འཚར་ལོངས་བྱུང་ནས་ལང་ཚོའི་མཛེས་པ་མངོན་དུ་འཇུག་དགོས་པའི་སྐུལ་ལྕག་གནང་། །
རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།
ཡུས་ཚུང་ལི་ཡིས་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་རྟོག་ཞིབ་བྱས།