ཝང་ཡུས་ཡན་གྱིས་མཚོ་ལྷོ་ཁུལ་དུ་སྡེ་བ་རིམ་པའི་སྐབས་བརྗེའི་འདེམས་བསྐོ་བྱ་བར་རྟོག་ཞིབ་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས16ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་ཏང་གི་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལག་ལེན་དོན་འཁྱོལ་དང་དྲིལ་སྒྲོག་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། སྡེ་བ་དང་གཞིས་ཁུལ་གྱི་སྐབས་བརྗེའི་བྱ་བའི་གྲ་སྒྲིག་གནས་ཚུལ་ལ་ལྟ་སྐུལ་མཛུབ་སྟོན་བྱས། 

ཝང་ཡུས་ཡན་མཚོ་ལྷོ་ཁུལ་གྱི་གཞི་གྲངས་ཆེན་མོའི་ཐོན་ལས་གླིང་དང་། གུང་ཧོ་རྫོང་ཨེར་སྟི་ཤང་། རིག་སྨོན་གྲོང་རྡལ་དང་། སྟོང་སྐོར་རྫོང་ཉི་ཟླ་བོད་རིགས་ཤང་སོགས་སུ་སོང་ནས་ཡུལ་དངོས་རྟོག་ཞིབ་བྱས་ཏེ། ཏན་ཏིག་གིས་ལས་བྱེད་མང་ཚོགས་ཀྱི་སྡེ་བ་རིམ་པའི་སྐབས་བརྗེའི་འདེམས་བསྐོའི་ཐད་ཀྱི་བསམ་འཆར་ལ་ཉན་པ་དང་། ས་གནས་སོ་སོའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་། སྐབས་བརྗེའི་འདེམས་བསྐོའི་ལས་དོན་གྱི་གྲ་སྒྲིག་བྱ་བ་སོ་སོར་ཁས་ལེན་གང་ལེགས་གནང་། ཁོ་མོས་བསྟན་དོན། ཏང་གི་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལ་སློབ་སྦྱོང་དྲིལ་སྒྲོག་དང་། ཞིང་ཆེན་ཡོངས་ཀྱི་སྡེ་བ་དང་གཞིས་ཁུལ་གྱི་སྐབས་བརྗེའི་འདེམས་བསྐོ་བྱ་བའི་སྐུལ་སློང་ཚོགས་འདུའི་བླང་བྱ་ལྟར། སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གཉིས་ཀྱི་འདེམས་མིའི་གསོག་ཉར་དང་། ཡོངས་ཁུངས་རྒྱ་བསྐྱེད་ལ་ཤུགས་བསྣན་ཏེ། ལེགས་པོའི་ཁྲོད་ནས་ཕུལ་བྱུང་འདེམས་པ་དང་། མུ་མཐུད་དུ་རྩ་འཛུགས་གྲུབ་ཆ་ཇེ་ལེགས་སུ་གཏོང་བ་དང་། སྤྱི་ཡོངས་ཀྱི་བྱེད་ནུས་མཐོར་འདེགས་སུ་གཏོང་དགོས། དེ་མིན་ཁུར་བོ་ཕྲག་ཏུ་ལེན་པ་དང་། ཡུལ་བབ་དང་བསྟུན་པ་རྒྱུན་འཁྱོངས་བྱེད་དགོས། གཟབ་ནན་སྒོས་གཞིས་ཁུལ་གྱི་སྐབས་བརྗེའི་འདེམས་སྒུག་ཐོབ་ཐང་ཡོད་པར་རྫོང་དང་ཤང་གི་ཞིབ་བཤེར་སྒྲིག་སྲོལ་དང་སྡེ་བ་དང་གཞིས་ཁུལ་གྱི་ཏང་རྩ་འཛུགས་ཧྲུའུ་ཅི་དང་རྫོང་རིམ་པའི་ཏང་ཨུའི་རྩ་འཛུགས་སྡེ་ཁག་གི་ཐོ་འགོད་དོ་དམ་སྒྲིག་སྲོལ་དོན་འཁྱོལ་དང་། འདེམས་བསྐོའི་གོ་རིམ་དང་བྱ་བའི་གོ་རིམ་ཞིབ་ཚགས་སུ་བཏང་ནས། འདེམས་བསྐོ་ཁྲིམས་ལྟར་གོ་རིམ་ཡོད་པའི་ངང་སྤེལ་བར་ཁག་ཐེག་བྱེད་དགོས། མུ་མཐུད་དུ་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་བཏང་ནས། ཞིང་སྡེ་དར་རྒྱས་ཀྱི་འཐབ་ཇུས་དང་ཞིང་སྡེ་འཛུགས་སྐྲུན་གཉིས་མཐུད་སྦྲེལ་ལེགས་པོ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཐེབས་རྩ་བེད་སྤྱོད་ལེགས་པོ་བྱས་ནས། དངུལ་རྩའི་འཇའ་ཤིང་གི་བྱེད་ནུས་འདོན་སྤེལ་གྱིས། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཕན་འབྲས་མཐོ་རུ་གཏོང་བར་རོགས་འདེགས་བྱེད་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།