ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས16ཉིན་མཚོ་སྔོན་ཞིང་ཆེན་གྱི་རྫོང་རིམ་པའི་མཉམ་འདྲེས་སྨྱན་སྦྱོར་ལས་སྒོའི་གསོ་སྦྱོང་འཛིན་གྲྭ་ཟི་ལིང་དུ་སློབ་འགོ་བརྩམས། ཞིང་ཆེན་ཡོངས་ཀྱི་རྫོང་རིམ་པའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་དང་། ཞིང་ཆེན་སྦྲེལ་དྲའི་གསར་འགྱུར་ལྟེ་གནས། ལག་རྩལ་བཟོ་གྲྭ་ཁག་གཅིག་གི་ཚོང་བ་བཅས་ཀྱི་མི་སྣ200ལྷག་ཙམ་གསོ་སྦྱོང་ནང་ཞུགས།
ཐེངས་འདིའི་གསོ་སྦྱོང་ནང་ཀྲུང་གོའི་མཉམ་འདྲེས་སྨྱན་སྦྱོར་བཅོས་སྒྱུར་ཞིབ་འཇུག་ཇུས་འདོན་ཚོགས་པའི་ལྟེ་གནས་ཀྱི་ཀྲུའུ་རེན་ཝང་ཕིང་དང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་ངོས་བཟུང་བའི་རྫོང་རིམ་པའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་འཛུགས་སྐྲུན་དཔེ་སྟོན་ལས་ཁུངས་ཀྱི་འབྲེལ་ཡོད་འགན་འཁུར་པ་དང་། དེ་བཞིན་འཁྱུག་དབྱངས་དང་མགྱོགས་འཕྲིན་འཁོར་རྒྱུག་མི་སྣ་གདན་དྲངས་ནས་སློབ་ཁྲིད་བྱ་རྒྱུ་ཡིན་པ་མ་ཟད། དུས་མཚུངས་སུ། གསོ་སྦྱོང་སློབ་མ་ཚོས“གནམ་མཁའི་གཤོག་སྤྲིན་”གྱི་དངོས་ཡོད་བཀོལ་སྤྱོད་ཁྲོད། རྫོང་རིམ་པའི་མཉམ་འདྲེས་སྨྱན་སྦྱོར་ལས་སྟེགས་ཆ་ཚང་བཀོལ་སྤྱོད་བྱེད་སྟངས་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་བྱ་རྒྱུ་ཡིན་ལ། རིམ་སྤར་ཤོང་སྐྱེད་རྗེས་ཀྱི་ཞིང་ཆེན་རིམ་པའི་ལག་རྩལ་ལས་སྟེགས་ཀྱི་སྟོབས་དང་ལྡན་པའི་ནུས་པར་ཤེས་རྟོགས་གང་ལེགས་བྱས་ནས། སྨྱན་སྦྱོར་མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་གཏོང་བའི་སྐོར་གྱི་འདུ་ཤེས་གསར་བ་མཉམ་སྤྱོད་ཀྱིས་ལས་སྟེགས་འཁོར་རྒྱུག་བྱེད་པའི་ཤེས་བྱ་དང་ཐབས་ཇུས་ཁོང་དུ་ཆུད་པར་བྱེད་རྒྱུ་རེད།
ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་གྱི་རྫོང་རིམ་པའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡི་ནུས་པ་ལྡན་པའི་སྐུལ་འདེད་འོག དུས་ཐེངས་གཉིས་ལ་བགོས་ནས་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བས། རྒྱལ་ནང་གི་ཆེས་སྟོབས་ཆེ་བའི་སྲོལ་རྒྱུན་ལག་རྩལ་བཟོ་ཚོང་དང་། ཆེས་གསར་དར་གྱི་གདོད་སྐྱེས་དྲ་སྦྲེལ་མིས་བཟོས་རིག་ནུས་བཟོ་ཚོང་། རྩེར་སོན་གྱི་ཆེད་ལས་གསར་འགྱུར་གཞི་གྲངས་ཆེན་པོའི་བཟོ་ཚོང་བཅས་ནང་འདྲེན་བྱས་པས། མིང་དོན་མཚུངས་པའི་སྤྲིན་ཅན་དང་ཚད་ཡང་ཅན་གྱི་བཀོད་སྒྲིག་མངོན་འགྱུར་བྱུང་ཡོད། 2019ལོར། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་རིམ་པའི་ལག་རྩལ་ལས་སྟེགས་འཛུགས་སྐྲུན་ཐེངས་དང་པོ་དང་རྫོང་རིམ་པའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས13འཛུགས་སྐྲུན་ལེགས་གྲུབ་བྱུང་། ད་ལོར་ཞིང་ཆེན་རིམ་པའི་ལག་རྩལ་ལས་སྟེགས་རྒྱ་སྐྱེད་རིམ་སྤར་དང་རྫོང་རིམ་པའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ལྷག་མ25ཁྱོན་ཡོངས་ནས་འཛུགས་སྐྲུན་ལེགས་འགྲུབ་བྱས་ནས། “ཁྱོན་ཡོངས་ལ་ཁྱབ་པ་དང་སྤུས་ཚད་མཐོ་རུ་གཏོང་བ་དང་ཕན་འབྲས་མཐོ་རུ་གཏོང་”བའི་བྱ་བའི་དམིགས་ཚད་མངོན་འགྱུར་ཡོང་བ་བྱ་རྒྱུ་རེད། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
མཚོ་སྔོན་ཞིང་ཆེན་གྱི་རྫོང་རིམ་པའི་མཉམ་འདྲེས་སྨྱན་སྦྱོར་ལས་སྒོའི་གསོ་སྦྱོང་འཛིན་གྲྭའི་སློབ་འགོ་བརྩམས།