མཚོ་ནུབ་ཀྱིས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སློབ་གསོའི་མི་འདང་ས་ཁ་གསབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སློབ་གསོ་ཅུའུ་ནས་ཤེས་གསལ་བྱུང་བ་ལྟར་ན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རིང་ལ། མཚོ་ནུབ་ཁུལ་གྱིས“གཞི་རྩ་གཅིག་དང་། གཙོ་གནད་གཅིག་ལ་དམིགས་ཏེ  ལེགས་བཅོས་གཅིག་དང་མཐོར་འདེགས་གསུམ། ཐོད་བརྒལ་བཞི་ལེགས་པོར་སྒྲུབ་པའི”སྤྱིའི་བླང་བྱ་ལྟར། སློབ་གསོའི་ལས་དོན་འཕེལ་རྒྱས་ཀྱི་མི་འདང་ས་ཁ་གསབ་བྱས། 2019ལོར་ཁུལ་ཡོངས་ཀྱི་སློབ་སྔོན་སློབ་གསོའི་ཞུགས་ཚད་བརྒྱ་ཆའི111.78ལ་སླེབས་པ་དང་། ལོ་དགུའི་འོས་འགན་སློབ་གསོའི་སྲ་བརྟན་གཏོང་ཚད་བརྒྱ་ཆའི96.49ལ་སླེབས་ཤིང་།མཐོ་འབྲིང་རིམ་པའི་སློབ་ཞུགས་ཚད་བརྒྱ་ཆའི98.62ལ་སླེབས་ཡོད་པ་དང་། 2015ལོ་དང་བསྡུར་ན་སོ་སོར་བརྒྱ་ཆའི་གནས24.03དང་། བརྒྱ་ཆའི་གནས24.03། དེ་མིན་བརྒྱ་ཆའི་གནས3.11བཅ་ས་ཇེ་མཐོར་སོང་། 

ལོ5རིང་། མཚོ་ནུབ་ཁུལ་གྱིས་སྤྱིའི་མ་དངུལ་སྒོར་དུང་ཕྱུར5.2བཏང་ནས། རིམ་པ་སོ་སོའི་སློབ་གསོའི་ལས་གཞི65དང་གསར་སྐྲུན་སློབ་གྲྭ7། སློབ་གྲྭ73ལ་སློབ་གསོའི་སྒྲིག་ཆས་ཁྲི53སྡེབ་སྒྲིག་བྱས། རིམ་པ་སོ་སོའི་སློབ་གསོའི་དཀའ་ཁག་ཡོད་པའི་སློབ་མའི་ཐོ་འགོད་དང་། ཚགས་འཛུགས་བྱང་སྒྲིག་གི་བྱ་བ་ལེགས་འགྲུབ་བྱས་ཤིང་། གནད་འཁེལ་དབུལ་སྐྱོར་གྱི་ཁ་གཏད་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱས་ཏེ། དཀའ་ཁག་ཡོད་པའི་སློབ་མར་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར1.85བཏང་བ་དང་། ཁེ་ཕན་ཐོབ་པའི་སློབ་མ་མི་ཐེངས131925ལ་སླེབས། 《མཚོ་ནུབ་ཁུལ་གྱི་དྲ་རྒྱ་དང་སློབ་གསོའི་འཕེལ་རྒྱས་ཀྱི་ལོ་ངོ་བཞིའི་འཆར་གཞི》ལྟར། མ་དངུལ་སྒོར་ཁྲི1070བཏང་ནས་བོད་འབྲེལ་ས་ཁུལ་གྱི་སློབ་གསོ་བརྡ་འཕྲིན་ཅན་གྱི་ལས་གཞི་འགོ་བརྩམས་ཏེ། ཁུལ་དང་རྫོང་། སློབ་གྲྭ། འཛིན་གྲྭ་བཅས་རིམ་པ་བཞིའི་སློབ་གསོའི་སྟེགས་བུ2298འཛུགས་སྐྲུན་ལེགས་འགྲུབ་བྱས་པ་དང་། སློབ་མ་དང་། ཁྱིམ་བདག དགེ་རྒན་བཅས་ཀྱི་བར་སྟོང་ཁྲི13.8བསྐྲུན་ཡོད།། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།