མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས17ཉིན་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་གྲོས་ཚོགས54པ་བསྡུས་ནས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་དོན་ལ་སྔར་ལས་སློབ་སྦྱོང་དང་། ཀྲུང་དབྱང་དང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས། དོན་འཁྱོལ་བྱེད་པའི་བསམ་འཆར་བཀོད་སྒྲིག་བྱས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་དང་ཀྲུའུ་རེན་གཞོན་པ་ཀྲང་ཀོང་རུང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་པ་དང་། ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་མཱ་ཝུའེ་དང་ཀའོ་ཧྭ། ཏང་ཙུའི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་ཉའོ་ཁྲིན་ཡུན། ཏང་ཙུའི་ཁོངས་མི་དང་དྲུང་ཡིག་ཆེན་མོ་ཅ་དབྱིན་ཀྲུང་གྲོས་ཚོགས་ལ་ཞུགས་ཤིང་། ཀྲུའུ་རེན་གཞོན་པ་ལིའུ་ཐུང་ཏེ་གྲོས་ཚོགས་ལ་ཟུར་ཞུགས་གནང་ཡོད།

གྲོས་ཚོགས་སྟེང་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་སློབ་སྦྱོང་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་དོན་ལ་གོ་བ་གཏིང་ཟབ་དང་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། དམངས་ཆེན་ཁྲིམས་འཛུགས་སོགས་ཀྱི་འགན་འཁྲི་ཞིང་ཆེན་ཡོངས་ཀྱི་བྱ་བའི་ཁྱོན་ཡོངས་སུ་བཞག་ནས་བསམ་གཞིགས་དང་། ཇུས་འགོད། སྐུལ་འདེད་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། དུས་ལྟར་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་དང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཐབས་ཇུས་དང་བཀོད་སྒྲིག་གི་རྗེས་བསྙེགས་ཏེ། སྤྱི་ཚོགས་ཀྱི་དོ་ཁུར་ལ་རང་འགུལ་ངང་ལན་སློག་པ་དང་། དོན་དག་ཆུང་ས་ནས་གནད་དོན་ཆེན་པོ་ཐག་གཅོད་བྱེད་པ་ནས་འགོ་རྩོམ་པ། བཅའ་ཁྲིམས་ཀྱི་སྟོང་ཆ་གསབ་པར་དོ་སྣང་དང་། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་ལས་དོན་ཁག་ལ་སྔར་ལས་ལྷག་པའི་སྒོ་ནས་ས་གནས་ཀྱི་ཁྱད་ཆོས་ལྡན་ཞིང་དུས་རབས་ཀྱི་བླང་བྱ་དང་འཚམ་པར་སྐུལ་འདེད་གཏང་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་སྟེང་། ཆབ་སྲིད་ཀྱིས་སྣེ་ཁྲིད་པར་ཤུགས་སྣོན་དང་། རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་ཅན་དང་སྔོན་ཐོན་ལས་དོན་པར་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་སྟེང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གཏིང་ཟབ་སྒོས་སློབ་སྦྱོང་དང་ཁོང་དུ་ཆུད་པ་དང་། “སྙིང་སྟོབས་གསུམ་”ལ་སློབ་སྦྱོང་བྱེད་པ་དར་སྤེལ་ཤུགས་ཆེན་གཏོང་བ། ངལ་རྩོལ་ལ་བརྩི་འཇོག ངལ་རྩོལ་དཔེ་བཟང་ཅན་ལ་བརྩི་འཇོག ངལ་རྩོལ་དཔེ་བཟང་ཅན་ལ་གཅེས་སྐྱོང་བཅས་བྱེད་པའི་ཁོར་ཡུག་བཟང་པོ་བསྐྲུན་དགོས། དབུལ་ཐར་འགག་སྒྲོལ་གྱི་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་དང་དངོས་ཡོད་ཀྱི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་བླང་བྱ་ལྟར། མུ་མཐུད་དུ་གནས་འབྲེལ་རོགས་སྐྱོར་བྱ་བ་ལེགས་པོར་བསྒྲུབས་ནས། སྲིད་ཇུས་དོན་འཁྱོལ་དང་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བའི་ཁྲོད་ཀྱི་དམངས་འཐུས་ཚོགས་ཆེན་གྱི་ནུས་པ་གལ་ཆེན་སྔར་ལས་ལྷག་པར་འདོན་སྤེལ་བྱེད་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་སྟེང་ད་དུང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ཉེར་གསུམ་པའི་གྲོས་གཞི་དང་དེ་བཞིན་དོན་ཚན་གཞན་དག་ལ་གྲོས་བསྡུར་དང་ཞིབ་འཇུག་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།