ལིག་ཐུང་ཏི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་འཐུས་མིའི་བསམ་འཆར་བྱ་བའི་སྐུལ་འདེད་ཚོགས་ཆེན་དུ་ཞུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཏང་གི་སློབ་གྲྭར་ཞིང་ཆེན་ཡོངས་ཀྱི་འཐུས་མིའི་བསམ་འཆར་བྱ་བའི་སྐུལ་འདེེད་ཚོགས་ཆེན་དང་འཐུས་མིའི་བསམ་འཆར་ཆེད་དོན་གསོ་སྦྱོང་འཛིན་གྲྭ་བསྒྲུབས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིག་ཐུང་ཏི་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད། ཞིང་ཆེན་དམངས་ཆེན་གྱི་འཐུས་མི་ཁ་ཤས་དང་དམངས་ཆེན་ཆེད་དོན་བྱ་བའི་ཨུ་ཡོན་ལྷན་ཁང་། གྲོང་ཁྱེར་དང་ཁུལ་སོ་སོའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། དེ་མིན་འཐུས་མིའི་བསམ་འཆར་འགན་སྒྲུབ་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་ཚོགས་འདུ་དང་གསོ་སྦྱོང་ལ་ཞུགས། 

ལིག་ཐུང་ཏི་ཡིས་བསྟན་དོན། ད་ལོར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་ཆེན། ཞིང་ཆེན་སྲིད་གཞུང་གིས་འཐུས་མིའི་བསམ་འཆར་གྱི་ཆུ་ཚད་དང་། ལས་སྒྲུབ་སྤུས་ཚད། ལྟ་སྐུལ་ཕན་ནུས་ཀྱི་བྱ་བའི་དམིགས་འབེན་དང་དམ་དུ་འབྲེལ་ནས། ཆེད་དོན་གྲོས་ཚོགས་བསྡུས་ཏེ་བཀོད་སྒྲིག་ཞིབ་འཇུག་བྱས་པ་དང་། ཤུགས་ཆེན་པོས་སྒྲིག་སྲོལ་ཚད་ལྡན་དང་འཐུས་ཚང་དུ་བཏང་སྟེ། ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱི་སྣེ་ཁྲིད་དེ་ལྟ་སྐུལ་ལས་སྒྲུབ་བྱེད་པའི་རྣམ་པ་ཆགས་སུ་བཅུག་ཤིང་། འཐུས་མིའི་བསམ་འཆར་བྱ་བའི་རྣམ་པ་གསར་སྐྲུན་བྱས་ནས་ཕན་འབྲས་གསར་བ་བླངས། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།