མཚོ་སྔོན་ཞིང་ཆེན་གྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་བྱ་འགུལ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས16ཉིན། མཚོ་སྔོན་ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་དགུན་དུས་དྲོད་སྐྱེལ་བྱ་འགུལ་གྱི་འགོ་རྩོམ་མཛད་སྒོ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པར་སྤེལ། ཞིང་ཆེན་མི་རབས་རྗེས་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རིན་གཞོན་པ་ཀྲའོ་ཆི་ཀྲུང་དང་གྲོང་ཁྱེར་དང་ཁུལ་སོ་སོའི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན། བགྲེས་སོང་ལྔའི་འཐུས་ཚབ། སློབ་མའི་འཐུས་ཚབ་སོགས་མཛད་སྒོར་ཞུགས། 

ཀྲའོ་ཆི་ཀྲུང་གིས་ནན་གྱིས་བསྟན་དོན། ད་ལོ་ནི་ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་དགུན་དུས་དྲོད་སྐྱེལ་བྱ་འགུལ་སྤེལ་བའི་ལོ་ངོ་གསུམ་པ་ཡིན་ཞིང་། ལོ་ངོ་གསུམ་གྱི་རིང་། གྲོང་ཁྱེར་དང་ཁུལ་སོ་སོའི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ལོ་རེར་སྒོར་ཁྲི50རྨང་གཞིའི་སྟེང་། རང་གིས་མ་དངུལ་སྡེབ་སྒྲིག་བྱས་ཏེ། དགུན་ལྭ་སྟེར་བ་གཙོས། དཀའ་ཁག་ཡོད་པའི་བྱིས་པར་རོགས་སྐྱོར་དང་། དབུལ་ཕོངས་ཁྱིམ་ཚང་གི་བྱིས་པས་དྲོད་སྐྱིད་ངང་དགུན་བསྐྱལ་བའི་བྱ་འགུལ་སྤེལ་ནས་ཞིང་ཆེན་ཡོངས་ཀྱི་དཀའ་ཁག་ཡོད་པའི་གཞིས་སྲུང་བྱིས་པར་དྲོད་སྐྱིད་སྐྱེལ།།

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།